R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A):
[A:༦] བླ་མ་དར་མ་ཡེ་ཤེས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེར་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། བདག་མེད་མའི་དཀྱིལ་ཆོག་གི་ཐོ་ཡིག་སྤྲོ་ལུང་པ་ཀུན་སྨོན་གྱིས་མཛད་པ། བདག་མེད་མ་ལྷ་མོ་བཅོ་ལྔའི་བསྟོད་པ། སློབ་དཔོན་ཆེན་པོ་བསོད་སྙོམས་པ་འཕགས་པ་ལྷས་མཛད་པ། ཡང་བརྟག་གཉིས་ཀྱི་འགྲེལ་པ། ཆོས་རྗེ་བླ་མ་དམ་པས་མཛད་པའི་རྣམ་བཤད་ཉི་མའི་འོད་ཟེར་གྱི་བརྒྱུད་པ་ནི། ཆོས་རྗེ་བླ་མ་དམ་པ། མཁན་ཆེན་ཤེར་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཆོས་རྗེ་བླ་མས་མཛད་པའི་ཊཱི་ཀ་ཆུང་བའི་ལུང་གི་བརྒྱུད་པ་ནི། ཆོས་རྗེ་བླ་མ་དམ་པ། ཡར་ལུང་པ་སེང་གེ་རྒྱལ་མཚན། བླ་མ་ཤཱཀྱ་བསོད་ནམས། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཀྱེ་རྡོ་རྗེའི་སྒྲུབ་ཐབས་མཚོ་སྐྱེས་མ་དང༌། མི་ཐུབ་ཟླ་བའི་ཡན་ལག་དྲུག་པ་གཉིས་ཀྱི་རྒྱུད་པ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་བར། ས་སྐྱ་པ་ཡབ་སྲས་རྣམས་དང༌། དེ་ལ་རྒྱལ་སྲས་དཀོན་མཆོག་རྡོ་རྗེ། རིན་པོ་ཆེ་བྱང་ཆུབ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཀྱཻ་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག་དང༌། སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ་གཉིས་ཀྱི་ལུང་ཀྱང་ཞུས་ཏེ་བརྒྱུད་པ་ནི་ནག་པོ་པའི་དབང་རྒྱུད་ལྟར་རོ།།
༈ །།ཡང༌། དཔལ་ས་སྐྱ་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་རྫོགས་པར་ཐོབ། ཡིག་ཆའི་རིམ་པ་ནི།Lamdre 'khrid Contents ལམ་འབྲས་རྡོ་རྗེའི་ཚིག་རྐང༌། རྣམ་འགྲེལ་གཉགསཾ་མ། འཕྲོས་པའི་ཡི་གེ་ཉི་ཤུ་རྩ་གསུམ་གྱི་ནང་ནས། འཁོར་བཞིའི་རྒྱ་དོན་བསྡུས་ཀྱི་ཚིགས་བཅད་ཨ་སེང་མ། འཕྲོས་ཀྱི་ཡི་གེ་སུམ་ཅུ་རྩ་དྲུག་གི་ནང་ནས། ལྟ་བ་འཁོར་འདས་དབྱེར་མེད་རྩ་འགྲེལ། མཆོག་དབང་གསུམ་གྲོལ་བའི་ལམ་ལ་རྟེན་ནས་བསྐུར་བ། བསྐྱེད་རིམ་རྒྱས་