R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A):
[A:༥]རྗེ། དེས་བདག་ལའོ། །ཡང༌། ལུགས་གཅིག་ལ། རྡོ་རྗེ་འཆང༌། རྡོ་རྗེ་སྙིང་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀླུ་སྒྲུབ། མ་ཏངྒི༌། ཏིལླི་པ། ནཱ་རོ་པ། མར་པ། རྔོག་མདོ་སྡེ། རམ་ཀླུ་གོང་པ། གྲམ་ཕུག་པ་དཀོན་མཆོག་མཁར། ཚུལ་ཁྲིམས་སྐྱབས། འཕགས་སྐྱབས། སྟོན་གཞོན། ཆོས་འོད། དབུས་པ་སངས་རྒྱས་འབུམ། བླ་མ་འཕགས་པ་མན་སྔར་དང་འདྲའོ། ༈ །ཡང༌། ཀྱཻ་རྡོ་རྗེ་ནས་གླིང་མའི་དབང༌། དེའི་དཀྱིལ་ཆོག་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མཛད་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བཱི་ལ་ས་བཛྲ། ཡན་ལག་མེད་པའི་རྡོ་རྗེ། སློབ་དཔོན་མཚོ་སྐྱེས་རྡོ་རྗེ། ཨིནྟྲ་
འདི་ལ་རྒྱ་གཞུང་གྲུབ་སྡེ་སྐོར་རྒྱལ་པོ་དབང་པོའི་བློ་ཞེས་དང༌། རྒྱ་དཔེ་ཁ་ཅིག་ན་ཨིནྡྲ་བུདྡྷི་སྣང་བ་མཐུན་ནོ།།
བྷཱུ་ཏི། ལྕམ་ལཀྵི། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། གཱ་ཡ་དྷཱ་ར། བླ་ཆེན་འབྲོག་མི། སེ་སྟོན་ཀུན་རིག ཞང་ཆོས་འབར། ས་ཆེན། རྟ་སྟག་སོ་བ། དེའི་དབོན་པོ་ཆོས་ཤེ་དང་རྒྱལ་གྲགས་ལ་ཁ་བ། ཞང་དཀོན་མཆོག་དཔལ། བླ་མ་ཀུན་བསོད་པ། བླ་མ་དཔལ་ལྡན་པ། མཁན་ཆེན་ཤེར་རྡོར་བ། བླ་མ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། ཀྱཻ་རྡོ་རྗེ་ནག་པོ་པའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། ནག་པོ་དམ་ཚིག་རྡོ་རྗེ། བྲམ་ཟེ་ནག་པོ་པ། འགོས་ལོ་ཙཱ་བ། རྒྱལ་ཚ་རྟ་ཕུག་པ། དེའི་གདན་ས་པ་ཉི་མ་རྒྱལ་མཚན། གཡེ་པ་འཁོན་སྟོན། འཇམ་དབྱངས་བཞི་ཐོག་པ། བླ་མ་ཀུན་སེང༌། བླ་མ་སེང་རྒྱལ། མཁན་ཆེན་ཤེར་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འགོས། མངའ་རིས་པ་གསལ་སྙིང༌། འཁོན་སྒྱི་ཆུ་བ་དགྲ་བླ་འབར། རྗེ་ས་ཆེན། རྗེ་རྩེ་མོ། རྗེ་བཙུན། དཀར་ཤཱཀྱ་གྲགས། བནྡྷེ་ལུང་པ་ཀུན་བཟང་དཔལ།