R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༣༡
[A:༡༣༡]མཁོ་བའི་ཟིན་བྲིས་ཉེར་མཁོ་རྣམ་རོལ། གཤིན་རྗེ་གཤེད་ཀྱི་བསྟོད་བསྐུལ། གསང་འདུས་མི་བསྐྱོད་རྡོ་རྗེའི་མངོན་རྟོགས་མཐོང་བས་དོན་རབ་ཏུ་གསལ་བ། གསང་འདུས་འཇམ་པའི་རྡོ་རྗེའི་དཀྱིལ་མཆོག་འཇམ་དབྱངས་རྣམ་རོལ། དཔལ་རྡོ་རྗེ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་མགོན་པོ་རྣམ་པར་རོལ་པ། མཆོད་གཏོར་བསྟོད་པ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་བདེ་བླག་ཏུ་འཇུག་པ། ཕྱག་ན་རྡོ་རྗེའི་འཆི་བདག་འཇོམས་པའི་སྒྲུབ་ཐབས་བསྡུས་པ། འཆི་བདག་འཇོམས་པའི་ཚེའི་རིག་པ་སྒྲུབ་པའི་མན་ངག ཀུན་རིག་གི་ཆོ་ག་གཞན་ཕན་སྙེ་མ། ཀུན་རིག་རྒྱུན་གཤགས་ཀྱི་འགྲེལ་པ། ཀུན་རིག་ཁོར་ཡུག་གི་ཡིག་སྣ། ཀུན་རིག་དང་ཀྱེ་རྡོར་བློ་བློངས་ཀྱི་ཡིག་སྣ། དབང་གི་རིམ་པ་གསལ་བར་བྱེད་པའི་སྒྲོན་མ། རྡོ་རྗེ་དྲིལ་བུའི་མཚན་ཉིད་ཟུང་འཇུག་རབ་གསལ་སྣང་བ། འཇམ་དབྱངས་ཨ་ར་པ་ཙཱ་ནའི་སྒྲུབ་ཐབས། དཔའ་བོ་གཅིག་སྒྲུབ་ཀྱི་རྒྱུད་དུ་འབྱུང་བའི་ལྷ་ལྔའི་སྒྲུབ་ཐབས། འཇམ་དབྱངས་ཀྱི་བསྟོད་པ་དག་ལྡན་སྣང་བ། འཇམ་དབྱངས་ཀྱི་པོ་བསྟོད། ཡང་འཇམ་དབྱངས་ཀྱི་བསྟོད་པ། འཇམ་དབྱངས་སྨྲ་སེང་གི་ཡིག་ལན། སྒྲོལ་མ་སེན་མོའི་སྒྲུབ་ཐབས་འཆི་མེད་རྒྱ་མཚོ། སོ་སོ་ཕྲེང་མ་ལྷ་མོ་ལྔའི་སྒྲུབ་ཐབས། ལྷ་མོ་འོད་ཟེར་གྱི་སྒྲུབ་ཐབས། བསམ་མི་ཁྱབ་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས། རྒྱུད་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས། ལམ་འབྲས་བརྒྱུད་པའི་གསོལ་འདེབས། སྤྲོས་མེད་བརྒྱུད་པའི་གསོལ་འདེབས། དམར་ཁྲིད་བརྒྱུད་པའི་གསོལ་འདེབས་རྒྱས་བསྡུས་གཉིས། ནེ་གུ་ཆོས་དྲུག་གི་གསོལ་འདེབས། ཕྱག་རྒྱ་ཆེན་པོའི་བླ་མ་བརྒྱུད་པའི་གསོལ་འདེབས། བླ་མའི་རྣལ་འབྱོར། ལྷ་དང་བླ་མ་ལ་སྨྲེ་སྔགས་གསོལ་བ། ནེ་གུ་ཆོས་དྲུག་གི་སྔོན་འགྲོའི་ཁྲིད་ཡིག ཐུགས་རྗེ་ཆེན་པོའི་དམར་ཁྲིད། མཁའ་འགྲོ་མ་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་བྱང་ཆུབ་ཀྱི་མཆོག་ཏུ་