[A:༡༣༢]སེམས་བསྐྱེད་པའི་ཆོ་ག སངས་རྒྱས་སྟོང་གི་སྨོན་ལམ་ལས་བསྡུས་པ། དགེ་བསྙེན་དུ་སྒྲུབ་པའི་ཆོ་ག ནང་གི་མོལ་བ། ཕྱིའི་མོལ་བ། ཡང་ནང་གི་མོལ་བ་བསྔོ་བ། དྲིས་ལན་ནོར་བུའི་ཕྲེང་བ། དགེ་བཤེས་ཀུན་བཟང་དཔལ་ལ་གདམས་པ། དགེ་བཤེས་ཚུལ་ཁྲིམས་འཕེལ་གྱི་རྟོགས་བརྗོད་དྲི་ལན། སྒྲུབ་པ་པོ་སེང་གེ་བཟང་པོའི་དྲི་ལན་སྙིང་གི་ནོར་བུ་རྟོགས་ལྡན་ཆོས་ཀྱི་རྒྱལ་མཚན་ལ་གདམས་པ། བླ་མ་ཐང་ཤིང་པ་བསོད་ནམས་རིན་ཆེན་གྱི་དྲི་ལན་ཡིད་བཞིན་ནོར་བུ། རྟོགས་ལྡན་བསོད་ནམས་དཔལ་ལ་སྤྲིང་ཡིག ཨཱ་ཙཱརྻ་ཤྲཱི་བཛྲ་ལ་གདམས་པ། སྟག་ལུང་པ་གཞོན་བློ་ལ་གདམས་པ། དཔོན་ཆེན་ནམ་མཁའ་འོད་ཟེར་ལ་གདམས་པ། བོད་འབངས་སྤྱི་ལ་སྤྲིན་ཡིག གདན་ས་པ་རྣམས་ལ་སྤྲིང་ཡིག རྒྱལ་པོ་ལ་ཕུལ་བ། ཐམ་ཕུད། ཨཱ་ལི་ཀཱ་ལིའི་བསྲུང་བ་རྣམས་ཀྱི་བརྒྱུད་པ་ནི། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ཏའི་གུ་ཤྲཱི་ཡོན་ཏན་རྒྱ་མཚོ། བྲག་ཐོག་པ་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ།
༈ །གསང་བ་འདུས་པའི་རྫོགས་རིམ་གྱི་ཡིག་ཆ་ཐོབ་པ་ལ། བསྐྱེད་རྫོགས་གཉིས་གདན་ཐོག་གཅིག་ཏུ་སྒོམ་པ་ལ་ལམ་རྟགས་དང་འབྲེལ་བའི་གདམས་ངག་དོན་ལྔ་མ། དོན་བཞི་མ་དང་རིམ་ལྔ་སྟན་གཅིག་གི་སྟེང་དུ་བསྒོམ་པའི་མན་ངག་འཁོར་ལོ་ཅན་དང༌། འཁོར་ལོ་མེད་པ་དང༌། སྲོག་རྩོལ་ལ་བརྟེན་ནས། གཏུམ་མོ་བསྒོམ་པ་ལམ་རིམ་པ་ལྔ་དང་སྦྱར་བ་དང༌། རིམ་ལྔ་སེམས་དཔའ་སུམ་རྩེག་གི་གདམས་པ་དང༌། འཁོར་བ་འཇུག་ཟློག་ལ་བརྟེན་ནས་མ་རིག་པ་རྩད་ནས་བཅད་པ་དང༌། སྐྱེ་འཆི་ལ་བརྟེན་ནས་གྲོང་འཇུག་གིས་ལེ་ལོ་ཅན་འཆི་ཀར་སངས་རྒྱ་བའི་མན་ངག་དང༌། མཉམ་གཞག་སྒྱུ་མའི་མན་ངག རྨི་ལམ་སྒྱུ་མའི་མན་ངག བར་དོ་སྒྱུ་མའི་མན་ངག སྐུ་གསུམ་གྱི་འཕོ་བའི་མན་ངག བཙན་ཐབས་སུ་འཕོ་བའི་མན་ངག ཆགས་ཅན་འོག་སྒོ་ལ་བརྟེན་ནས་བདེ་བ་ལམ་དུ་