R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༣༨
[A:༡༣༨]སྐྱོད་རྡོ་རྗེ། སྲས་དྷརྨེ་ཤྭ་ར། གྲུབ་ཐོབ་ནམ་མཁའ་འོད། གྲུབ་ཐོབ་སེ་མོ་ཆེ་པ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། ཀུན་མཁྱེན་ཤེས་རབ་རྒྱལ་མཚན། རིན་པོ་ཆེ་བསོད་ནམས་བཟང་པོ། རྗེ་ཐམས་ཅད་མཁྱེན་པ་ཆེན་པོ་བསོད་ནམས་རྣམ་པར་རྒྱལ་བ་དབང་པོའི་སྡེ། དེས་བདག་ལའོ།། ༈ །།སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་རིགས་ཐམས་ཅད་བསྡུས་པའི་དཀྱིལ་འཁོར་ཆེན་པོར་དབང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། ཕྱག་ན་རྡོ་རྗེ། ལི་ཙཱ་བི་དྲི་མ་མེད་པ། རྒྱལ་པོ་ཛ། ཨུ་པ་རཱ་ཛ། ཀུ་ཀུ་རཱ་ཛ། མུ་ཏི་ཏ། ཉི་ཟླ་རྡོ་རྗེ། བཱ་ཧཱུ་ཏ། མུས་ཏོ་པ། གུཔྟ་ཀོ་ཊི། བི་མ་ལ་མི་ཏྲ། ཨཱ་ཙརྻ་རིན་ཆེན་མཆོག དེ་ལ་གྱེ་རེ་མཆོག་སྐྱོང་དང༌། ཙུག་ཏུ་རིན་གཞོན་གཉིས་ཀྱི་གསན། དེ་གཉིས་ལ་མགོ་ཚུལ་བྱང༌། ཅོག་རོ་རྒྱལ་བའི་ཡོན་ཏན། ལས་གསུམ་གཞོན་ནུ་མཆོག རྡོ་རྗེ་འཇམ་དཔལ། དེ་གསུམ་ཀ་ལ་ཁུ་བྱང་ཆུབ་འོད། བློ་གྲོས་རྒྱལ་མཚན། རོང་བན་རིན་ཆེན་ཚུལ་ཁྲིམས། རོང་སྟོན་ཆོས་བཟངས། ཡ་ཤུད་བློ་བཟངས། མགོ་ཟླ་བ་འབར། མགོ་ཟླ་འབུམ་གྲགས། མགོ་དངོས་གྲུབ་རྒྱལ་མཚན། མགོ་ཆོས་རྡོར། མགོ་དངོས་གྲུབ་མགོན། དབུས་པ་སངས་རྒྱས་འབུམ། གསེར་སྟེངས་པ་ཆོས་འོད། གྲུ་མི་བསྐྱོད་རྡོ་རྗེ། མཁན་པོ་བསོད་འཕེལ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ། བླ་མ་ངག་དབང༌། མཁས་བཙུན་བྱང་ཆུབ་སེང་གེ ས་བཟངས་འཕགས་པ་གཞོན་ནུ་བློ་གྲོས། བླ་མ་ཀུན་དགའ་བཟང་པོ། དམར་སྟོན་རྒྱལ་མཚན་འོད་ཟེར། ཐམས་ཅད་མཁྱེན་པ་བསོད་ནམས་རྣམ་པར་རྒྱལ་བ། དེས་བདག་ལའོ། །ཡང༌། བི་མ་ལ་མི་ཏྲ་ལ། རྨ་རིན་ཆེན་མཆོག་དང༌། སྙགས་ཀུ་མཱ་