R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༣༧
[A:༡༣༧]༄། །རྗེ་བྱམས་པ་གླིང་པ་ལ་གསན་པའི་བསྐོར་བཞུགས་ལགས་སོ།། སོ་སོར་ཐར་པའི་སྡོམ་པ་ལས། ཚིགས་ཕྱི་མ་བསྙེན་པར་རྫོགས་པའི་སྡོམ་པ་ཐོབ་པའི་མཁན་བརྒྱུད་ནི། སངས་རྒྱས། ཤཱ་རིའི་བུ། སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། དགྲ་བཅོམ་པ་ཤ་ཡ་ཏ་ལ། དབྱིག་གཉེན། ཡོན་ཏན་འོད། ཞི་བ་འོད། བསོད་ནམས་གྲགས་པ། ཤཱཀྱ་འོད། པཎྜི་ཏ་སེང་གེའི་གདོང་པ་ཅན། དྷརྨཱ་པཱ་ལ། པྲ་ཛྙ་པཱ་ལ།
མངའ་རིས་གུ་གེ་བ
ཞང་ཞུང་ལོ་ཙཱ་བ་རྒྱལ་བ་ཤེས་རབ། ཞིང་མོ་ཆེ་པ་དཔལ་འབྱོར་ཤེས་རབ། ཞིང་མོ་ཆེ་པ་བྱང་ཆུབ་སེང་གེ་
འདི་གཉིས་ལ་སྟོད་ལྷོ་པ
། སྤང་རྩ་བ་རྡོ་རྗེ་སེང་གེ རྟག་པ་པདྨ་གཡུང་དྲུང༌། རྩི་འདུལ་བ་འཛིན་པ་ཆེན་པོ་ཐུགས་རྗེ་བྱང་ཆུབ།
ལྷོག་ལྷོད་འདེབས་མཁན། འཁྲུངས་ཡུལ་མཛད་པ
། བདེ་བ་ཅན་པ་ཤཱཀྱ་བྱང་ཆུབ།
ལྷོག་ལྷོད་ཀྱི་མཁན་པོ། དེའི་དགོན་ལས་སྤང་ཡུལ་གྱི་ནང་ན་ཡོད་པའི
། ཀུན་དགའ་རྒྱལ་མཚན།
ལྷོག་ལྷོད་མཁན་པོ
། བྱང་ཆུབ་སེང་གེ བྱང་ཆུབ་བཟང་པོ། བློ་གྲོས་རྒྱལ་མཚན། ཀུན་དགའ་དཔལ་བཟང་པོ།
འདི་ནས་ལས་སྟོད་བྱང་བ
རྒྱལ་ཚབ་དར་མ་རིན་ཆེན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་ཆེན་རིན་པོ་ཆེ།
ལྔ་པོ་ཐམས་ཅད་ལྷོག་ལྷོད་མཁན་པོ་དང༌། འཁྲུངས་ཡུལ་ཡང་ལྷོག
ཐམས་ཅད་མཁྱེན་པ་ཆེན་པོ་བསོད་ནམས་རྣམ་པར་རྒྱལ་བ། དེས་བདག་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ། ཚིགས་སྔ་མ་ཉིད་ཀྱང་མཁན་ཆེན་ཐམས་ཅད་མཁྱེན་པ་ཉིད་ལས་ཐོབ་བོ།། ༈ །།དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོར། དབང་བདུན་འཁོར་དང་བཅས་པ་ཐོབ་པའི་བརྒྱུད་པ། རིགས་ལྡན་དཔལ་སྐྱོང༌། དུས་ཞབས་པ་ཆེ་བ། དུས་ཞབས་ཆུང་བ། ཁ་ཆེ་ཟླ་བ་མགོན་པོ། སྒོམ་པ་དཀོན་མཆོག་བསྲུངས། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་