R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༤༧
[A:༡༤༧]པོ། ཉང་སྟོད་ལྕེ་འབར། ལ་ཆོག་པ། ཁྲི་སྟོན་ཀུན་དགའ་འོད་ཟེར། མཁན་པོ་ཆོས་རིན། བླ་མ་ཆོས་འོད། འཕགས་འོད། བུ་སྟོན་ཐམས་ཅད་མཁྱེན་པ། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། བླ་མ་བཀྲ་ཤིས་རིན་ཆེན། ངོར་པ་ཀུན་དགའ་བཟང་པོ། དམར་སྟོན་རྒྱལ་མཚན་འོད་ཟེར། དཔལ་བྱམས་པ་གླིང་པ། དེས་བདག་ལའོ།། ༈ །།འགྲེལ་པ་བར་པ་སྒེག་པ་རྡོ་རྗེས་མཛད་པའི་ལུགས་ལ། དཀྱིལ་ཆོག་ཡོན་ཏན་འབྱུང་གནས་དང༌། གསང་ལྡན་གྱི་ལུགས་གཉིས་ལས། དང་པོའི་ལུགས་ལྟར། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། གཞུང་རྣམས་དང༌། ཆོས་ཀྱི་རྗེ་ཉིད་ཀྱིས་མཛད་པའི་དཀྱིལ་ཆོག ཤི་བ་ལ་ཕན་གདགས་པའི་ཆོ་ག་རྣམས་ཀྱི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་དབྱངས། འཇམ་དཔལ་བཤེས་གཉེན། སྒེག་པའི་རྡོ་རྗེ། ཉི་མའི་སྙིང་པོ། སུརྻ་སིངྷ༌། ཆོས་ཀྱི་རྡོ་རྗེ། མུ་དྲ་སིདྡྷི། དེ་ཝེ་ཤྭ་ར། སྨྲི་ཏི་ཛྙཱ་ན་ཀཱིརྟི། ཚོང་སྡེ་ངག་གི་དབང་ཕྱུག ཁམས་པ་ཤེས་རབ་རྡོ་རྗེ། རྔོག་ཆོས་རྡོར། སྦ་སྦ་བ་ཅན། རྔོག་མདོ་སྡེ། ཙངས་སྨྲ་སེང༌། ལྕེ་མདོ་སེང༌། བླ་མ་ཆོས་འོད། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། ཁྱུང་པོ་ལྷས་པ། ཕར་ཆེན་ཕོ་སོ་ལ།
འདི་བླ་འདགས་རིན་མཚན་དངོས་བཀྲ་ཤིས་རིན་ཆེན
། ངོར་པ་ཀུན་དགའ་བཟང་པོ། དམར་སྟོན་སོགས་སོ།། །།ཡང་ན། རྔོག་ཆོས་རྡོར། རྒྱ་མ་ཅན། བླ་མ་ཤཱཀྱ་སེང་གེ ཁྲི་སྟོན། ཀུན་དགའ་འོད། མཁན་པོ་ཆོས་རིན། ཆོས་འོད། འཕགས་འོད་སོགས་སོ། ༈ །ཡང་ན། རྔོག་ཆོས་རྡོར། རམ་རྩན་ཅན། དམར་ཇོ་བོ། མཁས་པ་བསོད་རྒྱལ། གྱེ་རེ་ལྷ་ཟུར་བ། གཡར་ནམ་མཁའ་བཟང་པོ། བླ་མ་གཞོན་ནུ་སེང་གེ བླ་མ་ཆོས་ཀྱི་མགོན་པོ། ཁྱུང་པོ་ལྷས་པ་སོགས་སོ།། །།ལུགས་གཉིས་པ་གསང་ལྡན་གྱི་ལུགས་