R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༤༨
[A:༡༤༨]ཀྱི། འགྲེལ་པ་ཆེ་བ་རྗེ་བཙུན་འཇམ་དཔལ་གྲགས་པས་མཛད་པའི་ལུགས། དཀྱིལ་འཁོར་གྱི་ཆོ་ག་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག ནམ་མཁའ་དྲི་མེད་ཆེ་བར་གྲགས་པའི་ལུགས་ཀྱི་འགྲེལ་གཞུང་གི་ལུང་ཐོབ་པའི་བརྒྱུད་པ་ནི། བུ་སྟོན་ཐམས་ཅད་མཁྱེན་པ། བླ་མ་རྣམ་རྒྱལ་བ། སློབ་དཔོན་ཙནྟྲ་བ། སློབ་དཔོན་རིན་པོ་ཆེ་ཡེ་ཤེས་རྒྱ་མཚོ། རྗེ་ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ། དེས་བདག་ལའོ།། ༈ །།འདིའི་བུ་སྟོན་ཡན། དབང་བརྒྱུད་ལྟར་ཡིན་ནམ་བརྟག འཇམ་དཔལ་གྲགས་པས་མཛད་པའི་སྙིང་པོ་རྒྱན་གྱི་བརྒྱུད་པའང་འདི་ཉིད་དོ། །རྭ་ལུགས་ཀྱི་མགོན་པོ་མངོན་བྱུང་ལྷ་དྲུག་གི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། བོ་དོང་ཐམས་ཅད་མཁྱེན་པ་འཇིགས་མེད་པ། དཔལ་བྱམས་པ་གླིང་པ། དེས་བདག་ལ་སྩལ་ཏོ། །བོ་དོང་པ་ཡན་སྩལ་ཏོ།། ༈ །།གུ་རུ་དྲག་པོའི་དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པད་མ་འབྱུང་གནས། མངའ་བདག་མྱང་རལ་པ་ཅན། སྲས་མཆོག་འགྲོ་མགོན། རྟ་སོ་འགྲོ་མགོན། གཉན་ཆེན་རས་པ། ཀུན་མཁྱེན་དྲི་མེད་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན། ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ། དེས་བདག་ལའོ།། །།བྱ་རྒྱུད་ཀྱི་སྐོར་ལ། ཚེ་དཔག་མེད་ལྷ་དགུའི་ཛེ་ཏཱ་རིའི་ལུགས་ཀྱི་དབང་གི་བརྒྱུད་པ་ནི།།
འདི་བཙལ་བར་བྱའོ
། །།གཙུག་ཏོར་རྣམ་རྒྱལ་ལྷ་མངས་སུམ་གྲགས་པའི་དབང་གི་བརྒྱུད་པ་ནི། སྔར་གྱི་གདན་བཞི་ལྷ་མངས་ཀྱི་བརྒྱུད་པ་དང་འདྲ་བ། འདིའི་སྒྲུབ་དཀྱིལ། གཟུངས་འགྲེལ། བྱ་རྒྱུད་སྤྱིའི་བུམ་ཆོག་རྣམས། རྗེ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་མཛད་པའི་ལུང་ཡང་ཐོབ་བོ།། །།གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་ཀྱི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། སྐལ་བཟངས་གྲགས་པ། དྷརྨ་མ་ཏི། བཻ་རོ་ཙཱ་ན་