R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༤༩
[A:༡༤༩]རཀྵི་ཏ། བ་རི་ལོ་ཙཱ་བ། ས་ཆེན། རྗེ་བཙུན་ས་པཎ། སྤྱི་ལུང་པ། རྒན་མོ་ལྷས་པ། སྟོན་པ་དར་ཤཱཀ ཅུང་པ་བསོད་དབང༌། ལོ་མཆོག བག་སྟོན། ཚུལ་རྒྱལ། གཉལ་པ་བདེ་ལེགས། རིན་པོ་ཆེ་བསོད་ནམས་བཟང་པོ། རིན་པོ་ཆེ་སེང་གེ་དཔལ། དཔལ་བྱམས་པ་གླིང་པ། དེས་བདག་ལའོ།། ༈ །།བསྲུང་བ་ལྔའི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། གཉན་སྟོན་གྲགས། གཉན་རིན་ཆེན་གྲགས། གནས་བརྟན་དཀོན་སེང༌། རྟོགས་ལྡན་བྱའུ་རྒྱལ། བླ་མ་རྒྱལ་ཚ། བློ་ཆེན་རོང་པ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། དཔལ་བྱམས་པ་གླིང་པ། དེས་བདག་ལའོ།། །།ཡང་ན། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། གཉག་དབོན་བསོད་ནམས་བཟང་པོ། དཔལ་བྱམས་པ་གླིང་པ་སོགས་སོ།། ༈ །།རྗེ་དུས་ཞབས་པ་ལ་གསན་པའི་སྐོར་བཞུགས། ཡང་གྲོ་ལུང་པ་བློ་གྲོས། འབྱུང་གནས་ཀྱི་བསྟན་རིམ་ཆེན་མོ་ཐོབ་པའི་བརྒྱུད་པ་ནི། དཔལ་ལྡན་ཨཱ་ཏི་ཤ། རྔོག་ལེགས་པའི་ཤེས་རབ། རྔོག་བློ་ལྡན་ཤེས་རབ།
འདི་ཡན་མ་བྲིས་ཀྱང་ཆོག
དགེ་བཤེས་གྲོ་ལུང་པ་ཆེན་པོ། རོང་ལིང་སྟོན་པ་ཤེས་རབ་འབྱུང་གནས། སྣང་གྲོ་བ་སངས་རྒྱས་དཔལ། བྲ་གོར་བ་ཡེ་ཤེས་དཔལ།
ལ་ལར་བྲག་གོང་བ་ཟེར་བས་གང་ཞིག་བརྟག
གྲོ་ལུང་པ་སངས་རྒྱས་ཡེ་ཤེས། རྟེའུ་ར་པ་ཆོས་དཔལ་བཟང་པོ། ཐང་ཆེན་པ་ཉི་མ་རྒྱལ་མཚན། བླ་བྲང་པ་བསོད་ནམས་དཔལ་འབྱོར། སྟག་ཚལ་བ་དོན་གྲུབ་ཀུན་དགའ། དེས་བདག་མཐུ་བཙུན་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ལའོ།། །།མདོ་ཏིང་ངེ་འཛིན་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བ། འཇམ་དཔལ་གྲགས་པས་མཛད་པ་ཐོབ་པའི་བརྒྱུད་པ་