R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༥༧
[A:༡༥༧]ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ལའོ།། ༈ །།ཡང༌། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་ཆོ་ག་ཤིན་ཏུ་རྒྱས་པ། འགྲེལ་ཆེན་དེ་ཉིད་སྣང་བའི་དགོངས་པ། འགྲེལ་པ་ལུགས་སུ་གྲགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཆོག་དབང་རྒྱས་པར་ཐོབ་པའི་སྨད་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། བཛྲ་སཏྭ།
རྡོ་རྗེ་སེམས་དཔའ
། བཛྲ་པཱ་ཎི།
ཕྱག་ན་རྡོ་རྗེ
། རཱ་ཛ་པྲ་ཀཱ་ཤ་ཙནྟྲ།
རྒྱལ་པོ་རབ་གསལ་ཟླ་བ
། རཱ་ཧཱུ་ལ།
སྒྲ་གཅན་འཛིན
། དཔའ་བོ་རྟ་ཕ་ལ། ཛཱ་ན་བཛྲ།
ཡེ་ཤེས་རྡོ་རྗེ
། པྲ་ཛྙཱ་སིདྡྷི། ཏཏ་ཙ་ཏུ་རཱ་ནནྡ་གརྦྷ།
དེ་བཞིས་ས་ཀུན་དགའ་སྙིང་པོ
། པྲ་ཛྙཱ་བ་ལི་ཏ། པྲ་ཛྙཱ་བོདྡྷི། མུཀྟི་ཀོ་ཥ་
གྲོལ་བའི་མཛོད
། སངས་རྒྱས་ཞི་བ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། དེ་གཉིས་ག་ལ། སྐྱང་པོ་ཆོས་ཀྱི་བློ་གྲོས། སུམ་སྟོན་ཡེ་འབར། ལྕེ་ཞར་བ། སྟག་ཚལ་གདོང་སྔོན་གྱི་སྤྲུ་སྟོན་འབར་ཐོག རོང་ལྷ་སྟེངས་ཀྱི་རྩངས་ཡང་དག་རྡོ་རྗེ། རྩངས་སྟོན་སྨྲ་བའི་སེང་གེ ལྕེ་སྟོན་རྡོ་རྗེ་སེང་གེ མག་དགེ་སྟིངས་པ་ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། ཡང༌། རྡོ་རྗེ་འཆང༌། བཛྲ་པཱ་ཎི།
ཕྱག་རྡོར
། མ་ཧཱ་ཨིནྡྲ་བོདྡྷི།
ཨིནྡྲ་བོདྡྷི་ཆེ་བ
། ཨིནྡྲ་བོདྡྷི་བར་པ། ཨལྤེནྡྲ་བོདྡྷི།
ཨིནྡྲ་བོདྡྷི་ཆུང་བ
། ནཱ་གརྫུ་ན།
ཀླུ་སྒྲུབ
། ནཱ་ག་བོདྡྷི།
ཀླུ་བྱང༌
། ཛྙཱ་ན་བཛྲ།
ཡེ་ཤེས་རྡོ་རྗེ
། ཨོ་ཊ་ཡ་ན་བཱ་དཱི་ཙུ་ཌ་མ་ཎི་ཨཱ་ནནྡ་གརྦྷ།
ཨོ་ཊ་ཡ་ན་གཙུག་གི་ནོར་བུའི་ཀུན་དགའ་སྙིང་པོ
། པྲ་དྷཱ་ཏུ་མི་དྲ།
རབ་དབྱིངས་བཤེས་གཉེན
། པད་མ་ཀཱ་ར་ཝརྨཱ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། ཀློག་ཀྱ་བ། སྤྱང་ཚང་སྟོན་ཚེ་དང༌། ཇོ་ཤེ།
གཉིས་ཀྱིས་གསན
། རྩངས།
གཉིས་ལ
། ཡང་དག་རྡོ་རྗེ། རྩངས་སྟོན་སྨྲ་བའི་སེང་གེ ལྕེ་མདོ་སྡེ་སེང་གེ ཀུན་མཁྱེན་ཆོས་སྐུ་འོད་ཟེར། ལྕེ་བློ་ལྡན་སེང་གེ ཀུན་མཁྱེན་འཕགས་འོད། ཡང༌། སྟོད་ལུགས་ཀྱི་བརྒྱུད་