R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༥༨
[A:༡༥༨]པ་ནི། བྷ་ག་ཝན་བཻ་རོ་ཙཱ་ན།
བཅོམ་ལྡན་འདས་རྣམ་པར་སྣང་མཛད
། བཛྲ་སཏྭ།
རྡོ་རྗེ་སེམས་དཔའ
། རཱ་ཛ་པྲ་ཀཱ་ཤ་ཙནྡྲ།
རྒྱལ་པོ་རབ་གསལ་ཟླ་བ
། ར་ཧཱུ་ལ་བྷ་དྲ།
སྒྲ་གཅན་འཛིན
། ཨཱ་ནནྡ་གརྦྷ།
ཀུན་དགའ་སྙིང་པོ
། པྲ་ཛྙཱ་བཱ་ལི་ཏ།
ཤེས་རབ་སྐྱངས
། དྷརྨཱ་པཱ་ལ། ལོ་ཆེན། གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་མ་ཤེས་རབ། མནུར་ཉི་མ་འོད་ཟེར། རྡོ་རྗེ་སེང་གེ གླན་ཆོས་འབྱུང༌། རྩ་སྐྱ་སྟོན་འབུམ། རྩ་སྐྱ་ཁྲི་བརྟན། མནུར་ཡེ་ཤེས་རྒྱལ་མཚན། མནུར་ཆོས་འཕགས་རྒྱལ་མཚན། ཀུན་མཁྱེན་འཕགས་འོད། དེ་ལྟར་ཐ་དད་ནས་བརྒྱུད་དེ། ཆོས་རྗེ་བུ་སྟོན། ལོ་ཙཱ་བ་རིན་རྣམ་པ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཡོངས་སུ་འཛིན་པ་ཆེན་པོ་ཡེ་ཤེས་རྒྱ་མཚོའི་ཞབས། དེས་བདག་ཡོ་ག་བ་ཀུན་དགའ་རྣམ་པར་རྒྱལ་བ་ལའོ།། ༈ །།དཔལ་དེ་ཁོ་ན་ཉིད་འདུས་པའི་དུམ་བུ་གཉིས་པ་ལས་གསུངས་པ་རྡོ་རྗེའི་རིགས་ཁམས་གསུམ་ལས་རྣམ་པར་རྒྱལ་བ། རྩ་བའི་ལྷ་སུམ་ཅུ་སོ་བདུན། མཆོད་པའི་ལྷ་མོ་སོ་གཉིས། བསྐལ་བཟང་ཁྲོ་བོ་དགུ་བརྒྱ་དང་དགུ་ཅུ་རྩ་དྲུག ཕྱི་རོལ་རྡོ་རྗེའི་རིགས་ལྷ་བཞི་བཅུ་རྩ་བཞི་དང་བཅས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སམྦྷོ་ག་ཀཱ་ཡ་བཻ་རོ་ཙཱ་ན།
ལོངས་སྐུ་རྣམ་པར་སྣང་མཛད
། ནིརྨཱ་ཎ་ཀཱ་ཡ་བཛྲ་སཏྭ།
སྤྲུལ་སྐུ་རྡོ་རྗེ་སེམས་དཔའ
། བཛྲ་པཱ་ཎི།
ཕྱག་ན་རྡོ་རྗེ
། རཱ་ཛ་པྲ་ཀཱ་ཤ་ཙནྡྲ།
རྒྱལ་པོ་རབ་གསལ་ཟླ་བ
། རཱ་ཧཱུ་ལ།
སྒྲ་གཅན་འཛིན
། ཨཱ་ནནྡ་གརྦྷ།
ཀུན་དགའ་སྙིང་པོ
། པྲ་ཛྙཱ་བ་ལི་ཏ། དྷརྨཱ་པཱ་ལ། ལོ་ཆེན་རིན་ཆེན་བཟང་པོ། མང་ནང་པ་གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་མ་ཤེས་རབ། མནུར་ཉི་མ་འོད་ཟེར། སྲས་བཛྲ་སིངྷ༌། གླན་ཆོས་འབྱུང༌། རྩ་སྐྱ་སྟོན་འབུམ། བླ་མ་ཁྲི་བརྟན། མནུར་ཡེ་ཤེས་རྒྱལ་མཚན། མནུར་ཆོས་འཕགས་རྒྱལ་མཚན། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་ཐམས་