R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༦༠
[A:༡༦༠]ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། བུ་སྟོན་ཆོས་ཀྱི་རྗེ། ཐུགས་སྲས་རིན་རྣམ་པ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། རྡོ་རྗེའི་སློབ་དཔོན་ཆེན་པོ་ཡེ་ཤེས་རྒྱ་མཚོའི་ཞབས། དེས་བདག་ཅག་ལའོ།། ༈ །།བཤད་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུངས་པའི། རྩེ་མོའི་རིགས་ཐམས་ཅད་བསྡུས་པ་གསང་བ་མཆོད་ཆེན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར། གཞི་དཀྱིལ་སྒོ་ཉིས་སྦག དབུས་དཀྱིལ་ལ་རྣམ་སྣང་ལྷ་སུམ་ཅུ་རྩ་གསུམ། ཤར་དུ་སངས་རྒྱས་གཟུགས་ཅན་ལྷ་སོ་གསུམ། ལྷོར་སངས་རྒྱས་ཉི་མ་ལྷ་སོ་གསུམ། ནུབ་དུ་སངས་རྒྱས་སྣ་ཚོགས་གཟུགས་ཅན་ལྷ་སོ་གསུམ། བྱང་དུ་སངས་རྒྱས་ཆོས་འཛིན་རྒྱལ་པོ་ལྷ་སོ་གསུམ། ཤར་ལྷོར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་སེམས་དཔའ་ལྷ་ལྔ། ལྷོ་ནུབ་དུ་པད་མའི་དཀྱིལ་འཁོར་ལ་པད་མའི་སེམས་དཔའ་ལྷ་ལྔ། ནུབ་བྱང་དུ་ནམ་མཁའི་དཀྱིལ་འཁོར་ལ་རིན་ཆེན་སེམས་དཔའ་ལྷ་ལྔ། བྱང་ཤར་དུ་ཨུཏྤ་ལའི་དཀྱིལ་འཁོར་ལ་རྡོ་རྗེ་ལས་ལྷ་ལྔ། གཞི་དཀྱིལ་ནང་མའི་གྲྭ་བཞིར་འབྱུང་བཞིའི་ལྷ་བཞི། གཞི་དཀྱིལ་ཕྱི་མའི་གྲྭ་བཞིར་མཆོད་ལྷ་ཉི་ཤུ། སྒོ་བཞིར་སྒོ་བ་ཉི་ཤུ། འཇིག་རྟེན་པ་བཞི་བཅུ་ཞེ་དྲུག བསྐལ་བཟང་དགུ་བརྒྱ་དགུ་ཅུ་གོ་དྲུག་དང་བཅས་པའི་དཀྱིལ་འཁོར་དུ། དཀྱིལ་འཁོར་སོ་སོར་འཇུག་པའི་དབང་བསྐུར་བ་རྒྱས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྣམ་པར་སྣང་མཛད། བཛྲ་པཱ་ཎི།
ཕྱག་ན་རྡོ་རྗེ
། བཛྲ་དྷརྨ།
རྡོ་རྗེ་ཆོས
། མ་ཧཱ་ཨིནྡྲ་བོ་དྷི།
ཨིནྡྲ་བོ་དྷི་ཆེ་བ
། ཧ་ཡ་བ་ར་བི་ན་ཤྲཱི།
མི་གསལ
། མ་དྷྱ་ཨིནྡྲ་བྷཱུ་ཏི།
ཨིནྡྲ་བྷཱུ་ཏི་བར་མ
། ཨ་ལླེནྡྲ་བོདྡྷི།
ཨིནྡྲ་བོདྡྷི་ཆུང་བ
། བྷ་གི་ཧི་ལཀྵྨི་ཀ་ར།
བཅོམ་ལྡན་མ་ལཀྵྨི་ཀ་ར
། རཱ་ཛ་པུ་དྲཱ་ར་ཧཱུ།
རྒྱལ་པོའི་སྲས་སྒྲ་གཅན
། ལ་བྷ་དྲ།
བཟང་པོ
། པཱ་དྷཱུ་དྡཱི་པ།
ལེགས་པའི་སྒྲོན་མ
། ནཱ་གརྫུ་ན།
ཀླུ་སྒྲུབ
། ཨཱརྻ་དེ་ཝ།
འཕགས་པ་ལྷ
། ནཱ་ག་བོ་དྷི།
ཀླུའི་བྱང་ཆུབ
། དྷརྨཱ་བཛྲ།
ཆོས་ཀྱི་རྡོ་རྗེ
། པདྨ་བཛྲ།
པད་མ་རྡོ་རྗེ
། ཛྙཱ་ན་བཛྲ།
ཡེ་ཤེས་རྡོ་རྗེ
། ཨཱ་ནནྡ་གརྦྷ།
ཀུན་