R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༦༥
[A:༡༦༥]སེང༌། ལྕེ་མདོ་སྡེ་སེང་གེ བླ་མ་ཆོས་སྐུ་འོད་ཟེར། ལྕེ་བློ་ལྡན་སེང་གེ ཀུན་མཁྱེན་འཕགས་འོད། བུ་རིན་པོ་ཆེ་མན་སྔར་བཞིན་ནོ། ༈ །གཙུག་དགུ་ལོ་ཆེན་ལུགས་ཀྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། བཛྲ་པཱ་ཎི། པྲ་ཀཱ་ཤ་ཙནྡྲ། དེའི་སློབ་མའི་མཆོག་བཞི་ནི། ཛྙཱ་ན་པུཎྜ་རི་ཀ་
པད་དཀར་ཡེ་ཤེས
། ཛྙཱ་ན་བཛྲ། རཱ་ཛ་རཱ་ཧཱུ་ལ་བྷ་དྲ། སཱུརྻ་གརྦྷ། དེ་བཞི་ལ་རྒྱལ་རིགས་ས་ར་པ། ཨཱ་ནནྡ་གརྦ། ཐ་ཀ་ན་པ། བཱ་གཱི་ཤྭ་ར་ཀཱིརྟི། བ་ལེནྡྲ་ཤནྟི། ཨ་ཀྵོ་བྷྱེ་བཛྲ།
མི་བསྐྱོད་རྡོ་རྗེ
། ཤྲཱདྡྷ་ཀཱ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། སུམ་སྟོན་ཡེས་འབར། གཉན་སྟོན་ཚུལ་ཁྲིམས་འབར། ཐོད་པ་ཨེན་ཚ་གྲགས། ཇོ་ཕུར་ཐོད་པ་འོད་ཟེར། རོང་པ་ཆོས་མགོན། ལྕེ་བློ་ལྡན་སེང་གེ ཀུན་མཁྱེན་འཕགས་འོད། བུ་རིན་པོ་ཆེ་མན་སྔར་བཞིན་ནོ། ༈ །ཡང༌། གཙུག་དགུ་པཎ་ཆེན་ནས་བརྒྱུད་པ་ནི། སངས་རྒྱས། བཛྲ་པཱ་ཎི། ཛྙཱ་ན་ཤྲཱི་མི་དྲ། བཱ་གཱི་ཤྭ་ར་ཀཱིརྟི། ཨ་བྷ་ཡཱ་ཀ་ར་གུཔྟ། བཛྲ་ཨཱ་པ་ན།
རྡོ་རྗེ་གདན་པ
། བི་ཥ་ཏ་དེ་བ། པཎ་ཆེན་ཤཱཀྱ་ཤྲཱིཿ དཱ་ན་ཤཱི་ལ། གཡག་སྡེ་ལོ་ཙཱ་བ་བསོད་ནམས་སེང་གེ མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ བུ་རིན་པོ་ཆེ་མན་སྔར་བཞིན་ནོ། ༈ །སྦྱོང་རྒྱུད་ལས་གསུངས་པ། རྡོ་རྗེ་མི་འཁྲུག་པ་ལྷ་བཅུ་གསུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། གསེར་གླིང་པ། ཇོ་བོ་རྗེ་ནས་བརྒྱུད་དེ། མཁན་པོ་དབང་ཕྱུག་རིན་ཆེན། བླ་མ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བོང་ཆུང་པ་གཞོན་ནུ་འོད་ཟེར། བླ་མ་གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། ཆོས་རྗེ་བུ་སྟོན། ཐུགས་སྲས་རིན་ཆེན་རྣམ་རྒྱལ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། མཚུངས་མེད་ཡེ་ཤེས་རྒྱ་མཚོ། དེས་བདག་ལའོ། ༈ །འཇམ་དཔལ་ཡེ་ཤེས་