R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༦༦
[A:༡༦༦]སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་རྣལ་འབྱོར་རྒྱུད་དུ་བཀྲལ་བ། སློབ་དཔོན་འཇམ་དཔལ་གྲགས་པའི་འགྲེལ་ཆེན་གྱི་ལུགས། ནམ་མཁའ་ལྟར་ཡངས་ཤིང་དྲི་མ་མེད་པ་ཆོས་ཀྱི་དབྱིངས།
གསུང་གི་དབང་ཕྱུག
ཡེ་ཤེས་ཀྱི་སྙིང་པོ་གསལ་བའི་དཀྱིལ་འཁོར། རྩ་གཟུངས་ཆོས་གསུམ་གྱི་དཀྱིལ་འཁོར་སྒོ་གསུམ་སྦག ལྷ་བརྒྱ་ཉི་ཤུ་རྩ་ལྔ། དེའི་ཕྱི་ནས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཟླུམ་པོ་ལ། འཇིག་རྟེན་པ་བརྒྱ་དང་བཞི་ཡོད་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་རྒྱས་པ་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས། ཛྙཱ་ན་པ། མཉྫུ་ཤྲཱི་རྐཱིརྟི།
འཇམ་དཔལ་གྲགས་པ
། ཤྲཱི་སུ་གུཔྟ།
དཔལ་སྦས་བཟང་པོ
། བྲཧྨ་ཛྙཱ་ན་བཛྲ།
བྲམ་ཟེ་ཡེ་ཤེས་རྡོ་རྗེ
ཤེས་རབ་འབྱུང་གནས་སྦས་པ།
པྲ་ཛྙཱ་ཀཱ་ར་གུཔྟ།
བྲམ་ཟེ་གཞད་པའི་རྡོ་རྗེ
བྲཧྨ་ཨ་ལ་ལ་བཛྲ། དེའི་སློབ་མ་པད་མ་ཀཱ་ར་དང༌། ཤྲཱདྡྷ་ཀཱ་ར་ཝརྨཱ་གཉིས་ཀ་ལ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། རྔོག་དགེ་སེར་བ། རྐྱང་པོ་དར་མ་གྲགས། ཁྲི་སྟོན་ཀུན་དགའ་འོད་ཟེར། མཁན་པོ་ཆོས་རིན། ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། ཆོས་རྗེ་བུ་སྟོན། ལོ་ཙཱ་བ་རིན་རྣམ་པ། བླ་མ་གྲགས་པ་རྒྱལ་མཚན། རྩ་བའི་བླ་མ་ཡེ་ཤེས་རྒྱ་མཚོ། དེས་བདག་ལའོ། །འདིའི་རྩ་དཀྱིལ་ལྷ་ཉེར་དགུ།
འདི་གོང་དུ་འཇུག་རྒྱུ
། གཟུངས་དཀྱིལ་ལ་ང་དྲུག ཆོས་དཀྱིལ་ལ་སོ་གཉིས། ལས་དཀྱིལ་ལམ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ལ་དངོས་སུ་འཇིག་རྟེན་པ་གོ་གཅིག བྲན་དང་ཆུང་མ་གྲངས་མེད། འདས་པའི་སྒོ་བ་བརྒྱད་དོ། ༈ །སྤྱོད་པའི་རྒྱུད། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་གསུངས་པ། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་སྒོ་སུམ་སྦག་ཡོད་
ལྷ་གྲངས་འབྲི་རྒྱུ
། པར་དབང་བསྐུར་བ་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། མཉྫུ་གྷོ་ཥ།
འཇམ་དབྱངས
། ཛཱེ་ཏཱ་རི།
དགྲ་ལས་རྒྱལ་བ
། ཨ་ཤོ་ཀ་