R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༡༦
[A:༢༡༦]ཕབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་རྡོ་རྗེ་བཀོད་པའི་རྒྱུད། རྣལ་འབྱོར་གྲུབ་པའི་ལུང་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ། བམ་པོ་བཅུ་དང་ལེའུ་བདུན་ཅུ་རྩ་ལྔ་པ། བྱུང་ཚུལ་བཅུ་གཉིས། ཤླཽ་ཀ་ཉི་བརྒྱ་དང་ལྔ་བཅུ་རྩ་གཉིས་པ། པཎྜི་ཏ་དྷརྨྨ་བོདྡྷི་དང༌། དཱ་ན་རཀྵི་ཏ་དང༌། ལོ་ཙཱ་བ་ཆེ་རྩན་སྐྱེས་ཀྱི་བྲུ་ཤའི་ཡི་གེ་ལས། བྲུ་ཤའི་ཡུལ་གྱི་ཁྲོམ་དུ་བསྒྱུར་བའི་བརྒྱུད་པ་ནི། ཕྱག་རྡོར། རྒྱལ་པོ་ཛ། ཀུ་ཀུ་རཱ་ཛ། ཨིནྡྲ་བྷཱུ་ཏི། ཨུ་པ་རཱ་ཛཱ། སྲས་མོ་གོ་མ་པ། བུདྡྷ་གུཔྟ། མཻ་ཏྲི་ཀ་མ་ལ། རྡོ་རྗེ་གཞད་པ། སངས་རྒྱས་གསང་བ། བི་མ་ལ་མི་ཏྲ། རྨ་རིན་ཆེན་མཆོག ཞང་རྒྱལ་བ་ཡོན་ཏན། སྣུབས་སངས་རྒྱས་ཡེ་ཤེས། སེ་ཡེ་ཤེས་དབང་ཕྱུག རྭ་ལོའི་དབོན་པོ་ཀློག་ཀྱ་དབང་གྲགས། ཆོས་རྒྱལ་འཕགས་པ། གསེར་སྡིངས་པ་ཆོས་སྐུ་འོད་ཟེར། དོན་ཞགས་པ་རིན་ཆེན་རྒྱལ་མཚན། འཇམ་དབྱངས་གཞོན་ནུ་རྒྱལ་མཚན། བཀའ་བཞི་པ་ཤེས་རབ་སེང་གེ བཀའ་བཞི་པ་ཤེས་རབ་རྒྱལ་མཚན། ཤྲཱི་རི་བ་གཞོན་ནུ་རྒྱལ་མཚན། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསང་བའི་མཛོད་ཆེན་པོ་མི་བཟད་པ་གཏེར་གྱི་སྒྲོན་མ་བརྟུལ་ཞུགས་ཆེན་པོ་གྲུབ་པའི་རྒྱུད། ཡེ་ཤེས་རྔམ་པ་ཀློག་གི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལེའུ་བཅུ་དྲུག་པ། པཎྜི་ཏ་བཛྲ་བི་ཤྭ་མི་ཏྲ་དང༌། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙཱ་ན་རཀྵི་ཏས་བསྒྱུར་བ།། ༈ །།ཝ་པ་ནས། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ་ལེའུ་ཉི་ཤུ་རྩ་གཉིས་པ། པཎྜི་ཏ་བི་མ་ལ་མི་ཏྲ་