R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༡༧
[A:༢༡༧]དང༌། ལོ་ཙཱ་བ་ཛྙཱ་ན་ཀུ་མ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདིའི་བརྒྱུད་པ་གོང་གི་དགོངས་འདུས་དང་མཐུན་ནོ།། ༈ །།ཞ་པ་ནས། རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་གསུམ་པ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོ་མཆོག་བམ་པོ་བརྒྱད་པ། བམ་པོ་རེ་རེ་ལ་རྒྱ་གར་སྐད་དུ་དང་རྫོགས་སོ་ཡོད་པ། པཎྜི་ཏ་བི་མ་ལ་མི་ཏྲ་དང༌། ལོ་ཙཱ་བ་ཛྙཱ་ན་ཀུ་མ་རས་བསྒྱུར་ཅིང་ཞུས་དེ་གཏན་ལ་ཕབ་པའོ། །རྒྱུད་འདི་རྣམས་ཀྱི་བརྒྱུད་པ། ལུང་མངས་པོ་མགོན་པོ་དཔལ། བཀའ་བཞི་པ་ཡེ་ཤེས་དོན་གྲུབ། མཁན་ཆེན་ཤེས་རབ་རྡོ་རྗེབླ་མ་ཆོས་དཔལ་ཤེས་རབ། མཁན་ཆེན་གྲགས་པ་རྡོ་རྗེ། མཚལ་ཡང་མགོན་གྱི་རིན་
ཅིག་ཞུས།
པོ་ཆེ་གྲགས་པ་དོན་གྲུབ
བཀའ་འགྱུར་རོ་ཅོག་གི་གླེགས་བམ་གཅིག་པུ་པ་ཤཱཀྱ་རྒྱལ་མཚན། དེ་ཉིད་ཀྱི་བཀའ་དྲིན་ལས་བདག་ཐོ་བཙུན་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ལའོ།། །། ༄། །ཆོས་རྗེ་ཤཱཀྱ་རྒྱལ་མཚན་པ་ལ་མདོ་མངས་ཐོབ་ཡིག ན་མོ་རཏྣ་ཏྲ་ཡཱ་ཡ། གང་ཡང་ལྷག་པའི་བསམ་པ་ལས་བྱུང་མཉམ་མེད་སྦྱིན་པའི་ཕྱག་སྐྱོང་བས། །གྲངས་མེད་བསྐལ་པར་བསོད་ནམས་ལེགས་བྱས་མཐར་ཕྱིན་འགྲོ་བའི་སྐྱབས་གྱུར་མཆོག །མ་ལུས་སྐྱེ་བོའི་གཉེན་བཤེས་གཅིག་པུ་རྒྱལ་དབང་ཤཱཀྱ་ཐུབ་པ་ཞེས། །འགྲོ་ན་མཉམ་མེད་སྟོན་པ་མཆོག་དེ་སློབ་མར་བཅས་ལ་ཕྱག་བགྱིའོ། །གང་གི་མདུན་ས་ཉེ་བར་མཛེས་བྱེད་སྐལ་ཅན་སྐྱེ་བོའི་རྭ་བ་དང༌། །དད་པའི་ས་གཞི་གཙང་མ་དག་ལ་དམ་ཆོས་མེ་ཏོག་འཐོར་བྱེད་ཅིང༌། །སྲིད་པའི་ཚ་གདུང་བཅིལ་བར་བྱེད་ལ་ཐུགས་རྗེའི་རླུང་བཞོན་གྱིས་