R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༡༩
[A:༢༡༩]ཏ་པྲ་ཛྙཱ་ཝརྨྨ་དང༌། ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཟུང་གི་མདོ་ཆོས་ཀྱི་རྣམ་གྲངས། བམ་པོ་བཞི་པ་པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སྣང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། སུ་རེནྡྲ་བོདྡྷི་དང༌། ཡེ་ཤེས་སྡེའི་འགྱུར། ༼ཅ༽པ་ལ། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ཞེས་བྱ་བ་ལེའུ་དགུ་པ། སྐད་གསར་གཅད་ཀྱི་བཅོས་པ། ལངྐར་གཤེགས་པའི་མདོ་རྒྱ་གར་ལས་བསྒྱུར་བ་ཇི་སྙེད་པ་བམ་པོ་དགུ་ལེའུ་དྲུག འཕགས་པ་ལངྐར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ། བམ་པོ་བརྒྱད་པ། ལོ་ཙཱ་བ་མགོས་ཆོས་གྲུབ་ཀྱིས་རྒྱ་ནག་ལས་བསྒྱུར་བ་བམ་པོ་བརྒྱད་པ། འཕགས་པ་ག་པ་གོ་རི་ཞེས་བྱ་བ། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ༼ཆ༽པ་ལ། འཕགས་པ་དམ་ཆོས་པད་མ་དཀར་པོ་ལེའུ་ཉེར་བདུན་པ། འཕགས་པ་སྙིང་རྗེ་པད་མ་དཀར་པོ་ཞེས་བྱ་བའི་ལེའུ་ལྔ། བམ་པོ་བཅོ་ལྔ། པཎྜི་ཏ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོདྡྷི་དང༌། པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ༼ཇ༽པ་ལ། འཕགས་པ་སྙིང་རྗེ་ཆེན་པོ་པད་མ་དཀར་པོ་བམ་པོ་དྲུག་པ། ལེའུ་བཅུ་གསུམ་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། མྱ་ངན་ལས་འདས་པ་ཆེན་པོ་ལེའུ་ཉི་ཁྲི་ལྔ་སྟོང་པ་ལས་ལྷ་དང་མི་ལ་སོགས་པས་ཞུས་པའི་ལེའུའི་བམ་པོ་བཅུ་གསུམ་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་དེ་བ་ཙནྡྲའི་འགྱུར། འཕགས་པ་