[A:༢༡༨]བསྐྱོད་པ། །དཔལ་ལྡན་བླ་མ་དཔག་བསམ་ལྗོན་པ་ཤཱཀྱའི་རྒྱལ་མཚན་རྒྱལ་གྱུར་ཅིག །ཅེས་བསྔགས་པར་འོས་པ་དག་བསྔགས་ཏེ། འདིར་ཆོས་ཀྱི་རྗེ་རིན་པོ་ཆེ་བཀའ་ལུང་མང་དུ་གསན་པའི་ཕུལ་དུ་བྱུང་བ། སེམས་དཔའ་ཆེན་པོ་ཤཱཀྱའི་མཚན་ཅན་དེ་ཉིད་ཀྱི་བཀའ་དྲིན་ལས་ལུང་ནོད་པའི་མདོ་རྣམས་ཀྱི་རིམ་པ་དང༌། མདོ་གང་བླ་མ་གང་ལས་བརྒྱུད་པའི་རིམ་པ་དང༌། དེ་ལས། གཞན་ཡང་ཐོབ་པའི་ཚུལ་གསུམ་དགོད་པར་བྱའོ། །དེ་ལ་དང་པོ་ནི། ༼༽པ་ལ། འཕགས་པ་བསྐལ་པ་བཟང་པོ་བམ་པོ་ཉེར་དྲུག་པ། པཎྜི་ཏ་བིདྱཱ་ཀ་ར་སིངྷ་དང༌། ལོ་ཙཱ་བ་དཔལ་དབྱངས་དང༌། དཔལ་རྩེགས་ཀྱི་འགྱུར། ༼ཁ༽པ་ལ། འཕགས་པ་རྒྱ་ཆེར་རོལ་པ། བམ་པོ་བཅོ་བརྒྱད་ལེའུ་ཉི་ཤུ་རྩ་བདུན་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། མུ་ནི་ཝརྨྨ་དང༌། ཡེ་ཤེས་སྡེའི་འགྱུར། འཕགས་པ་འཇམ་དཔལ་རྣམ་པར་རོལ་པ། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པ་ལེའུ་བདུན་པ། པཎྜི་ཏ་ཤཱི་ལེནྡྲ་བོདྡྷི་དང༌། ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ལེའུ་བཅུ་པ། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ༼ག༽པ་ལ། འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་རིན་པོ་ཆེ་མཐར་ཕྱིན་པ་བམ་པོ་ཉི་ཤུ་རྩ་ལྔ་པ། པཎྜི་ཏ་བི་ཤུདྡྷ་སིངྷ་དང༌། སརྦཱ་ཛྙཱ་དེ་བ་དང༌། ལོ་ཙཱ་བ་དཔལ་རྩེགས་ཀྱི་འགྱུར། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་བམ་པོ་གསུམ་པ། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ༼ང༽པ་ལ། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ། བམ་པོ་བཅོ་བརྒྱད། ལེའུ་བཅོ་ལྔ་པ། པཎྜི་