R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༢༨
[A:༢༢༨]འདུས་པའི་དགའ་སྟོན་ཆེན་པོ་ལས་རྣམ་པར་བརྩེ་བ། ལེའུ་སུམ་ཅུ་རྩ་བདུན། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ། པཎྜི་ཏ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སྤྲིན་ཆེན་པོའི་མདོ་རླུང་གི་དཀྱིལ་འཁོར་ལས་ཆར་དབབ་པའི་ལེའུ་དྲུག་ཅུ་རྩ་བཞི་པ་ཆོ་ག་དང་བཅས་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། གཙུག་ཏོར་ཆེན་པོ་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་ཉི་ཚེ་ཕྱུང་བ།
འདི་ཐེ་ཚོམ་ཅན་དུ་འདུག་ནའང་གསན་ཡིག་ན་འདུག་པས་ཉན
། བམ་པོ་གཉིས་རྣམས་བཞུགས།། ༼ཝ༽པ་ལ། འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པ། བམ་པོ་བཅུ། ལེའུ་བརྒྱད། པཎྜི་ཏ་རྒྱའི་མཁན་པོ་ཧྭ་ཤང་ཟབ་མོ་ལ་སོགས་པ་དང༌། ལོ་ཙཱ་བ་རྣམ་པར་མི་རྟོག་པའི་འགྱུར། འཕགས་པ་ཕྱིར་མི་ལྡོག་པ་འཁོར་ལོ་ཞེས་བྱ་བའི་མདོ། བམ་པོ་དྲུག པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། མུ་ནི་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཡོངས་སུ་བསྔོ་བའི་འཁོར་ལོ། ལིའི་དགེ་སློང་སྡེ་སྣོད་གསུམ་དང་ལྡན་པ་ཤཱི་ལ་དར་མས་རྒྱ་གར་གྱི་དྷརྨྨ་རྒྱའི་ཡི་གེ་ལས་ལོ་ཙཱ་བ་རྣམ་པར་མི་རྟོག་གི་འགྱུར། འཕགས་པ་དམ་པའི་ཆོས་ཀྱི་རྒྱལ་པོའི་ཡི་གེ་བམ་པོ་གཅིག ཆོས་ཀྱི་ཚུལ་ཞེས་བྱ་བའི་མདོ། པཎྜི་ཏ་པྲཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཆོས་ཀྱི་ཕུང་པོ་ཞེས་བྱ་བ། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། འདི་ཡང་ཐེ་ཚོམ་ཅན་དུ་འདུག་ཅིང་གསན་ཡིག་ནའང་མེད་པས་ལུང་མི་བྱའོ། །ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཆོས་དང་དོན་རྣམ་པར་འབྱེད་པའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་སེམས་དཔའི་སོ་སོར་ཐར་