R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༢༩
[A:༢༢༩]པ་ཆོས་བཞི་སྒྲུབ་པའི་མདོ། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་དང༌། དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། འཕགས་པ་ཆོས་བཞི་བསྟན་པའི་མདོ་ཞེས་བྱ་བ། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཆོས་བཞི་པའི་མདོ། འཕགས་པ་བཞི་པ་སྒྲུབ་པའི་མདོ་ཞེས་བྱ་བ། ཆོས་གསུམ་པའི་མདོ། པཎྜི་ཏ་མི་ཏྲ་དང༌། ལོ་ཙཱ་བ་དེ་བ་ཙནྡྲའི་འགྱུར། ལོ་ཙཱ་བ་དཔལ་རྩེགས་ཀྱི་ཞུས། ཆོས་རྒྱ་མཚོ། ཆོས་ཀྱི་རྒྱ་མོ།
འདི་རྫུན་མ་འདྲ་གསན་ཡིག་ན་འདུག་པས་ལུང་ནི་ཉན
། བམ་པོ་གཉིས་པ་རྣམས་བཞུགས།། ༼ཞ༽པ་ལ། འཕགས་པ་ཉི་མའི་སྙིང་པོ། པཎྜི་ཏ་སརྦྦ་ཛྙཱ་དེ་བ་དང༌། བིདྱཱ་ཀ་ར་པྲ་བྷ་དང༌། དྷརྨྨ་ཀ་ར་དང༌། ལོ་ཙཱ་བ་བཟང་སྐྱོང་གི་འགྱུར། ལོ་ཙཱ་བ་དཔལ་རྩེགས་ཀྱིས་ཞུས། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ། པཎྜི་ཏ་ཤཱཀྱ་པྲ་བྷ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ། ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་གཅིག ལེའུ་བཅུ་གཅིག འཕགས་པ་ཐབས་མཁས་པ་ཐེག་པ་ཆེན་པོའི་མདོ། བམ་པོ་གཉིས་རྣམས་བཞུགས།། ༼ཟ༽པ་ལ། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ། བམ་པོ་བརྒྱད། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱི་སྡིག་པ་སྦྱང་བ་སྟེ་སངས་རྒྱས་ཡོངས་སུ་གྲུབ་པ་བཀོད་པ། བམ་པོ་གཉིས། རྒྱ་ནག་གི་འགྱུར། ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ། པཎྜི་ཏ་བི་ཤུདྡྷ་སིངྷ་དང༌། ལོ་ཙཱ་བ་རྩངས་དེ་བེནྡྲ་རཀྵི་ཏའི་འགྱུར། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱིས་ཞུས། སངས་རྒྱས་བདུན་པ། སངས་རྒྱས་བརྒྱད་པ། སངས་རྒྱས་བཅུ་པ། སངས་རྒྱས་བཅུ་གཉིས་པའི་མདོ། སངས་རྒྱས་ཀྱི་དབུ་རྒྱན་རྣམས། པཎྜི་ཏ་ཤཱཀྱ་སིངྷ་དང༌། ལོ་ཙཱ་བ་དེ་བེནྡྲ་རཀྵི་ཏའི་