R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༤༧
[A:༢༤༧]ལྔའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཇམ་དཔལ། རཏྣ་ཨ་ཀཱ་ར་ཤཱནྟི། བལ་པོའི་པཎྜི་ཏ་ཞི་བ་བཟང་པོ། འབྲོ་ལོ་ཙཱ་བ་སེང་དཀར་ཤཱཀྱ་འོད། ཁྱུང་པོ་གྲགས་སེང༌། ཤེའུ་དགོན་པ་པ། བྱང་ཆད་པ་དཀོན་མཆོག་ཤེས་རབ། མང་མཁར་ཚ་ལུང་གི་སྟོང་སྟོན་ཆེན་པོ་དཀོན་མཆོག་སྐྱབས། གླ་ངར་བརྡ་སྟོན་བསོད་ནམས་ཡོན་ཏན། སེ་མོ་ར་པ་གྲུབ་ཐོབ་ཡོན་ཏན་དཔལ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་རིན་པོ་ཆེ། གནུར་ཡེ་ཤེས་རྒྱལ་མཚན། བག་སྟོན་གཞོན་ཚུལ། སློབ་དཔོན་མགོན་པོ་འབུམ། ཆོས་རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། བསོད་ནམས་སེང་གེ རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས། བླ་མ་རིན་པོ་ཆེ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ།། ༈ །།ཡང་གཅིག་ལ། འགྲོ་མགོན་འཕགས་པ་རིན་པོ་ཆེ་ཡན་འདྲ་བ་ལ། དེ་ནས་ཚད་མའི་སྐྱེས་བུ། བུ་སྟོན་རིན་པོ་ཆེ། མཁན་ཆེན་ཤེས་རྡོར་བ། ཆོས་དཔལ་ཤེས་རབ། པུཎྱ་སིངྷ༌། རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས། རྗེ་བཙུན་དམ་པ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ།། ༈ །།ཡང༌། རྒྱན་སྟུག་པོ་བཀོད་པ། ས་བཅུ་པའི་མདོ། ལང་ཀར་གཤེགས་པ། དགོངས་པ་ངེས་འགྲེལ། གསེར་འོད་དམ་པ་སྟེ་སེམས་ཙམ་མདོ་ལྔ་དང༌། རྒྱ་ཆེར་རོལ་པ། མྱང་འདས་ཆེ་བ་ལྷའི་ཟླ་བའི་འགྱུར། སྤྲིན་ཆེན་པོ། སྤྲིན་ཆེན་པོའི་མདོ་ལ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ཆེན་པོ་ལ་བརྩེ་བའི་མདོ། ཆོས་ཡང་དག་པར་སྡུད་པའི་མདོ། སངས་རྒྱས་འགྲོ་བའི་མདོ། དཀོན་མཆོག་སྤྲིན། ཐེག་པ་ཆེན་པོའི་མན་ངག་གི་མདོ་བུ་མོ་རིན་ཆེན་གྱི་ཞུས་པ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ། རིན་ཆེན་དྲྭ་བ་ཅན་གྱི་ཞུས་