R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༥༩
[A:༢༥༩]ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་བམ་པོ་གསུམ་དང༌། ཤླཽ་ཀ་བདུན་ཅུ་རྩ་བདུན་པའོ། །དུམ་བུ་བཅུ་དགུ་པ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ། བམ་པོ་གསུམ་པའོ།། ༼ཅ༽པ་ལ། དུམ་བུ་ཉི་ཤུ་པ། འཕགས་པ་ཀློག་ཐོབ་ཀྱིས་ཞུས་པ་མདོ། བམ་པོ་གཉིས་སོ། །དུམ་བུ་ཉེར་གཅིག་པ་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པའི་མདོ། བམ་པོ་གཅིག་དང་ཤླཽ་ཀ་བརྒྱད་ཅུ་རྩ་གསུམ་པའོ། །དུམ་བུ་ཉེར་གཉིས་པ་ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོ། བམ་པོ་གསུམ་མོ། །ལྷའི་བུ་དེད་དཔོན་གྱིས་ཞུས་པའི་མདོ་ཡང་ཟེར། དུམ་བུ་ཉེར་གསུམ་པ་འཕགས་པ་བྱམས་པ་སེང་གེའི་སྒྲ་སྒྲོགས་པའི་མདོ། བམ་པོ་བཞིའོ། །དུམ་བུ་ཉེར་བཞི་པ་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པའི་མདོ། འདུལ་བ་བསྟན་ལ་འབེབས་པར་བྱེད་པ་བམ་པོ་གཉིས་པའོ། །དུམ་བུ་ཉེར་ལྔ་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་བམ་པོ་གཉིས་པའོ། །དུམ་བུ་ཉེར་དྲུག་པ་འཕགས་པ་ལག་བཟངས་ཀྱིས་ཞུས་པའི་མདོ། བམ་པོ་གཉིས་དང་ཤླཽ་ཀ་བརྒྱའོ། །དུམ་བུ་ཉེར་བདུན་པ། འཕགས་པ་དེས་པས་ཞུས་པའི་མདོ། བམ་པོ་གཅིག ཤླཽ་ཀ་བརྒྱ་དང་བདུན་ཅུ་རྩ་བརྒྱད་དོ། །དུམ་བུ་ཉེར་བརྒྱད་པ་བྱང་ཆུབ་སེམས་དཔའ་དཔལ་སྦྱིན་གྱིས་ཞུས་པའི་མདོ། བམ་པོ་གཅིག་པའོ། །དུམ་བུ་ཉེར་དགུ་པ་བད་པའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པའི་མདོ་ཤླཽ་ཀ་ཉིས་བརྒྱའོ། །དུམ་བུ་སུམ་ཅུ་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ། བམ་པོ་ཕྱེད་དོ། །དུམ་བུ་སོ་གཅིག་པ་གངྒཱའི་མཆོག་གིས་ཞུས་པའི་མདོ། བམ་པོ་ཕྱེད་དོ། །དུམ་བུ་སོ་གཉིས་པ་མྱ་ངན་མེད་ཀྱིས་སྦྱིན་པ་ལུང་བསྟན་པའི་མདོ། བམ་པོ་ཕྱེད་དང་གཉིས་པའོ། །དུམ་བུ་སོ་གསུམ་པ། འཕགས་པ་དྲི་མ་མེད་ཀྱིས་སྦྱིན་པ་ལུང་བསྟན་པའི་མདོ། བམ་པོ་གཉིས་པའོ། །དུམ་བུ་སོ་བཞི་པ་
འདིར་ཡི་གེ་གསལ་གྱི་མི་འདུག
ཞུས་པའི་མདོ། བམ་པོ་ཕྱེད་དོ། །དུམ་བུ་སོ་ལྔ་པ་སངས་རྒྱས་ཀྱི་ཡུལ་