R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༦༠
[A:༢༦༠]བསམ་གྱིས་མི་ཁྱབ་པར་བསྟན་པའི་མདོ། བམ་པོ་གཉིས་པའོ། དུམ་བུ་སོ་དྲུག་པ་འཕགས་པ་དེ་བཞིན་གཤེགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ། བམ་པོ་བཞི་པའོ།། ༼ཆ༽པ་ལ། གོང་གི་བམ་པོ་གསུམ་པ་ནས། དུམ་བུ་སོ་བདུན་པ་འཕགས་པ་སེང་གེས་ཞུས་པའི་མདོ་ཤླཽ་ཀ་དྲུག་བཅུ་པའོ། །དུམ་བུ་སོ་བརྒྱད་པ་སངས་རྒྱས་ཀྱི་གསང་ཆེན་ཐབས་ལ་མཁས་པའི་མདོ། བམ་པོ་བཞི་པའོ། །དུམ་བུ་སོ་དགུ་པ་འཕགས་པ་བཟང་སྐྱོང་གིས་ཞུས་པའི་མདོ། བམ་པོ་གཉིས་དང༌། ཤླཽ་ཀ་སུམ་ཅུའོ། །དུམ་བུ་བཞི་བཅུ་པ་བུ་མོ་རྣམ་དག་དྭང་བས་ཞུས་པའི་མདོ་བམ་པོ་གཅིག་པའོ། །དུམ་བུ་ཞེ་གཅིག་པ། འཕགས་པ་བྱམས་པས་ཞུས་པའི་མདོ། བམ་པོ་གཅིག དུམ་བུ་ཞེ་གཉིས་པ་འཕགས་པ་བྱམས་པས་ཞུས་པའི་ཆོས་བརྒྱད་པའི་མདོ། ཤླཽ་ཀ་བརྒྱད་ཅུ་རྩ་གསུམ་པའོ། །དུམ་བུ་ཞེ་གསུམ་པ། འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོ། བམ་པོ་གཉིས་པའོ། །དུམ་བུ་ཞེ་བཞི་པ་རིན་པོ་ཆེའི་ཕུང་པོའི་མདོ། བམ་པོ་གཉིས་དང་ཤླཽ་ཀ་བརྒྱད་ཅུ་པའོ། །དུམ་བུ་ཞེ་ལྔ་པ། འཕགས་པ། བློ་གྲོས་མི་ཟད་པས་ཞུས་པ་ལུང་བསྟན་པའི་མདོ་ཤླཽ་ཀ་ཉིས་བརྒྱའོ། །དུམ་བུ་ཞེ་དྲུག་པ། འཕགས་པ་འཇམ་དཔལ་གྱིས་ཞུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤླཽ་ཀ་བདུན་བརྒྱའོ། །དུམ་བུ་ཞེ་བདུན་པ་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ། བམ་པོ་གསུམ་པའོ། །དུམ་བུ་ཞེ་བརྒྱད་པ་དཔལ་ཕྲེང་སེང་གེའི་ང་རོའི་མདོ་བམ་པོ་གཉིས་པའོ། །དུམ་བུ་ཞེ་དགུ་པ་དྲང་སྲོང་རྒྱས་པས་ཞུས་པའི་མདོ། བམ་པོ་གཉིས་པའོ། །དུམ་བུ་ལྔ་བཅུ་པ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ཞེས་བྱ་བ་བམ་པོ་གསུམ་མོ། །དེ་ལྟར་ཆོས་ཀྱི་རྣམ་གྲངས་དེ་དག་གི་འགྱུར་ཐམས་ཅད་བནྡྷེ་ཡེ་ཤེས་སྡེ་ཕལ་ཆེའོ། །བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། རྡོ་རྗེ་གདན་པ་ཆེ་བ། བར་