R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༧༢
[A:༢༧༢]རྒྱལ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ང༽པ་ལ། དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་དུས་ཞབས་པས་མཛད་པ། པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བྱམས་པ་དཔལ་གྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ། འཛལ་ཕུ་བ་སངས་རྒྱས་བསོད་དབང༌། ཁྲོ་ཕུ་རིན་པོ་ཆེ་བསོད་ནམས་སེང་གེ སློབ་དཔོན་ཞང་པ་ལ། བླ་མ་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ། །སྦྱོར་བ་ཡན་ལག་དྲུག་གི་མན་ངག་ཕྱག་རྒྱ་ཆེན་པོ་གྲུབ་པ་ཞེས་བྱ་བ། དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་གསུང་པ། ཨ་ནུ་པ་མ་རཀྵི་ཏས་མཛད་པ། པཎྜི་ཏ་བི་བྷུ་ཏི་ཙནྡྲ་དང༌། ལོ་ཙཱ་བ་མི་མཉམ་བཟང་པོས་བསྒྱུར་བ། དེའི་འགྲེལ་པ་སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ། བི་བྷུ་ཏི་ཙནྡྲའི་རང་འགྱུར། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ། འཕགས་པ་འཇམ་དཔལ་རྒྱལ་པོ་གྲགས་པར་སྐྱེ་བ་བཞེས་ནས་མཛད་པ། པཎྜི་ཏ་སོ་མ་ནཱ་ཐ་དང༌། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་བ། དུས་ཞབས་པས་མཛད་པའི་སྙན་བརྒྱུད་ཞལ་གྱི་གདམས་པ། པཎྜི་ཏ་སོ་མ་ནཱ་ཐ་ཤྲཱི་དང༌། འབྲོ་ཤེས་རབ་གྲགས་ཀྱི་འགྱུར་རྣམས་ཀྱི་བརྒྱུད་པ་ནི། བླ་མ་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །དུས་ཀྱི་འཁོར་ལོའི་མན་ངག་ཉི་ཟླ་སྒྲུབ་པ་ཞེས་བྱ་བ། དུས་ཞབས་པས་མཛད་པ། བི་བྷུ་ཏ་ཙནྡྲའི་རང་འགྱུར། ཤ་བ་ར་པའི་སྦྱོར་དྲུག་གཞུང་ཆུང་ངུ་གྲགས་པ། བི་བྷུ་ཏ་ཙནྡྲའི་རང་འགྱུར་གཉིས་ཐོས་པའི་བརྒྱུད་པ་ནི། དུས་ཞབས་པ། ཁ་ཆེ་ཟླ་བ་མགོན་པོ། ལྕེ་སྦྲང་ཡུལ་བ། པ་ཚབ་ཁྲོད་པའི་དབོན་པོ་ཞང་ཆུང་