R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༧༡
[A:༢༧༡]ལོ། བླ་མ་དུས་འཁོར་བ་ཤེས་རབ་སེང་གེ བླ་མ་རྡོ་རྗེ་རྒྱལ་མཚན་པ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ག༽པ་ལ། སྤྱན་རས་གཟིགས་གྱི་སྤྲུལ་པ་པད་མ་དཀར་པོས་མཛད་པའི་དོན་དམ་བསྙེན་པ་པཎྜི་ཏ་ཟླ་བ་མགོན་པོས་བསྒྱུར་བའི་བརྒྱུད་པ་ནི། བྱང་ཆུབ་སེམས་དཔའི་སྤྲུལ་པ་གཅིག་ལ། དགེ་སློང་བསོད་སྙོམས་པ་ཆེན་པོས་གསན། དེ་ལ་ལྷོ་ཕྱོགས་ཀྱི་བྲམ་ཟེ་དཱ་རི་ཀ་པ། ཙི་ལུ་པཎྜི་ཏ། དུས་ཞབས་པ་ཆེ་ཆུང༌། བོདྡྷི་བྷ་ཏྲ། སཱ་དྷུ་སུ་ཏྲ། ཨ་བྷ་ཡཱ་ཀ་ར་གུཔྟ། རྩ་མི་སངས་རྒྱས་གྲགས། ཨ་བྷི་ཛུ་ཀ་པ། དྷརྨྨ་པཱ་དྷཱུ་སུ་ཏྲ། དྷརྨྨ་ཨ་ཀ་ར་ཏ། བྷས་ཀ་རོ་མ། སེ་ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུ། ཨ་བྷ་ཡ་ཀ་ར་ལ་ཚར་གཅིག རྩ་མི་ལ་ཚར་གཉིས། ཨ་བྷི་ཛུ་ཀ་ལ་བསྟོད་གཅིག བྷས་ཀ་རོ་ལ་ཚར་གཅིག་གསན། དེ་ལ་གཉོས་འོད་མས་ཚར་གསུམ་གསན། སེ་ལོ་ཙཱ་བ་བཀྲ་ཤིས་རིན་ཆེན། སངས་རྒྱས་རྡོ་རྗེ། གྲུབ་ཆེན་ཨུ་རྒྱན་པ། ཆོས་ཀྱི་རྒྱལ་མཚན། བླ་མ་གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ། །དུས་ཀྱི་འཁོར་ལོ་དབང་མདོར་བསྟན་གྱི་འགྲེལ་བཤད་དོན་དམ་བསྡུས་པ་ཞེས་བྱ་བ། ཕྱག་རྒྱ་ཆེན་པོ་གྲུབ་པ་དཔལ་ནཱ་རོ་ཞབས་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་དྷརྨྨ་དྷ་ར་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་ལས། སླར་ཡང་སྒྲ་ཚད་པ་རིན་རྒྱལ་གྱིས་དཔལ་ས་སྐྱར་བཅོས་ཤིང་གཏན་ལ་ཕབ་ནས་ཞུས་དག་བྱས་པ་ཐོས་པའི་བརྒྱུད་པ་ནི། ནཱ་རོ་པ། དཔེ་མེད་མཚོ། ཨ་བྷ་ཡ། ཨུ་པ་ཐ་ན། གོ་ཏཾ་ཤྲཱི། ཀཱིརྟི་པཎྜི་ཏ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། རོང་པ་ཤེར་སེང༌། ཆོས་སྐྱོང་དཔལ། བཀའ་བཅུ་བ་གཞོན་སེང༌། ས་སྐྱའི་མངོན་དགའ་བ་སྤྲུ་སྟོན་བསོད་