R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༨༧
[A:༢༨༧]སྐྱོང་དཔལ་བ་གཉིས་ལ། བཀའ་བཅུ་པ་གཞོན་དུ་སེང་གེ མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །
ནག་པོ་པས་མཛད་པའི་སྐོར།
རོ་བསྲེག་པའི་ཆོ་ག་སློབ་དཔོན་ནག་པོ་པས་མཛད་པ། དེ་ཉིད་དང༌། ལྷས་བཙས་ཀྱི་འགྱུར་དང༌། ཀྱེའི་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བ། སློབ་དཔོན་ནག་པོ་པས་མཛད་པ། དེ་ཉིད་དང༌། ཚུལ་ཁྲིམས་རྒྱལ་བའི་འགྱུར། དེས་མཛད་པའི་མཆོད་རྟེན་གྱི་ཆོ་ག ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། ཡང༌། དེས་མཛད་པའི་གཤིན་གྱི་ཆོ་ག་ཐར་ལོ་ཉི་མ་རྒྱལ་མཚན་གྱིས་བསྒྱུར་བ་དང༌། དེས་མཛད་པའི་རབ་གནས་ཀྱི་ཆོ་གའི་ཚུལ་རྒྱས་པ་དང༌། དེས་མཛད་པའི་སྦྱིན་སྲེག་གི་ཆོ་ག་ག་ཡ་དྷ་ར་དང༌། ལྷས་བཙས་ཀྱི་འགྱུར་དང༌། དེས་མཛད་པའི་དཔལ་དགྱེས་པ་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག་པཎྜི་ཏ་དེ་ཉིད་དང༌། མགོས་ལྷས་བཙས་ཀྱིས་བསྒྱུར་བ་རྣམས་ཐོས་པའི་བརྒྱུད་པ་ནི། བླ་མ་སེང་རྒྱལ་བ་དང༌། བླ་མ་ཆོས་སྐྱོང་དཔལ་གཉིས་ལ། བླ་མ་བཀའ་བཅུ་བ་གཞོན་ནུ་སེང་གེ མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ཟ༽པ་ལ། བདག་མེད་མའི་སྒྲུབ་ཐབས་བདུད་རྩི་འོད་ཅེས་བྱ་བ་ཌོམྦྷི་བས་མཛད་པ། ག་ཡ་དྷ་ར་དང༌། ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ་དང༌། བདག་མེད་མའི་སྒྲུབ་ཐབས་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། ག་ཡ་དྷ་ར་དང༌། ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ་དང༌། བདག་མེད་མའི་སྒྲུབ་ཐབས་མདོར་བསྡུས་པ་སློབ་དཔོན་ཀྲིཥྞ་པཎྜི་ཏས་མཛད་པ་དང༌། བདག་བྱིན་གྱིས་བརླབ་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། དེའི་མན་ངག་དང་བཅས་པ། དོན་ཡོད་རྡོ་རྗེ་དང༌། བ་རི་བས་བསྒྱུར་བ་དང༌། དགྱེས་པ་རྡོ་རྗེ་