R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༨༨
[A:༢༨༨]ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་ལྷན་སྐྱེས་སྒེག་པས་མཛད་དང༌། ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ་སློབ་
དཱ་ན་ཤཱ་ལའི་རང་འགྱུར་ཡོད་ཟེར
། དཔོན་ཞི་བ་འཚོས་མཛད་པ་དང༌། ཀུ་རུ་ཀུལླེ་ལ་བསྟོད་པ་ཌོམྦྷི་ཧེ་རུ་ཀས་མཛད་པ་དང༌། ཡང་དེའི་སྒྲུབ་ཐབས་པཎྜི་ཏ་བེམ་པ་དང༌། ལོ་ཙཱ་བ་གཞོན་ནུ་འོད་ཀྱིས་བསྒྱུར་བ་དང༌། ཨུ་རྒྱན་ནས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་གནས་བརྟན་མཉྫུ་ཤྲཱི་ཛྙཱ་ན་དང༌། རོང་ཟོམ་ཆོས་བཟངས་ཀྱིས་བསྒྱུར་བ་དང༌།
འདི་རྟག
ཀུ་རུ་ཀུལླེ་བཅུ་གསུམ་མའི་གསང་སྒྲུབ་ཌོམྦྷི་བས་མཛད་པར་གྲགས་པ་དང༌། ཀུ་རུ་ཀུལླེའི་ཆོས་ཚན་བདུན། བདག་མེད་མའི་གཉིས་རྣམས་ཐོབ་པའི་བརྒྱུད་པ་ནི། ས་སྐྱ་པཎ་ཆེན། ཞང་རྒྱལ་བ་དཔལ། བླ་མ་རྡོ་རྗེ་འོད་ཟེར། རྒྱལ་ཚ་ལུང་མངས་པོ། ལོ་མཆོག བློ་ཆེན། བག་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ཡང་ན། བླ་མ་སེང་རྒྱལ། བླ་མ་ཆོས་སྐྱོང་དཔལ། བཀའ་བཅུ་བ་གཞོན་ནུ་སེང་གེ མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །དཔལ་གདན་བཞིའི་རྒྱུད་ཀྱི་འགྲེལ་པ་དྲན་པའི་རྒྱུ་མཚན་སློབ་དཔོན་བྷ་ཝ་བྷ་དྲས་མཛད་པ། ག་ཡ་དྷ་ར་དང༌། མགོས་ལྷས་བཙས་ཀྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། ག་ཡ་དྷ་ར། མགོས་ལོ་ཙཱ་བ། རྭ་རྡོ་རྗེ་གྲགས། རྒྱལ་གླིང་པ། ལྕེ་དབོན་ཚ། སྤྲུག་སྟོན་ཇོ་འབུམ། སྤྲུག་སྟོན་བློ་ལྡན། ཇོ་གདན་ཀྱང་ཡེ་བ་གཞོན་བྱང༌། ཀུན་མཁྱེན་འཕགས་འོད། ཐམས་ཅད་མཁྱེན་པ་བུ་སྟོན། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ཡང༌། ཛེ་ཏ་རི། ནཱ་རོ་པ། མར་པ། རྔོག་ཆོས་རྡོར། རྔོག་རྡོར་སེང༌། ཡོན་ཏན་གྲགས། བར་ཐང་