R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༨༩
[A:༢༨༩]པ་ཆོས་གྲགས། སྤྲུག་བློ་ལྡན་མན་གོང་བཞིན་ནོ།། ༼འ༽པ་ལ། གདན་བཞིའི་རྣམ་པར་བཤད་པ་སྦྱོར་གདན་ཡན་གདན་གསུམ་གྱི་འགྲེལ་པ་སློབ་དཔོན་དགེ་བའི་གོ་ཆས་མཛད་པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་བ་དང༌།
དེ་མན་སྨྲྀ་ཏིས་མཛད་པ
། མཆན་ཁུང་གི་སྦྱོར་བ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་དང༌། གདན་བཞིའི་སྒྲུབ་ཐབས། རྗེ་བཙུན་ཨརྻ་དེ་བས་མཛད་པ། ཀ་མ་ལ་གུཔྟ་དང༌། རིན་ཆེན་བཟང་པོའི་འགྱུར་དང༌། དཔལ་ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས་འཕགས་པ་ལྷས་མཛད་པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་བ་ལས། ཕྱིས་ས་མནྟ་ཤྲཱི་ཛྙཱ་ནས་ཞུས་དག་བྱས་པ་རྣམས་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཡེ་ཤེས་མཁའ་འགྲོ། ཀླུ་སྒྲུབ། ཏཻ་ལོ་པ། ནཱ་རོ་པ། མར་པ། རྔོག་ཆོས་རྡོར། དེའི་སྲས་ཞེ་སྡང་རྡོ་རྗེ། དེའི་སྲས་ཐོག་མེད་གྲགས་པ། དེའི་སྲས་རྒྱ་ཚ་ར་མོ། དེའི་གཅུང་རྡོ་རྗེ་སེང་གེ རྒྱ་ཕོ་བ་ལུང་པ། སྟོན་པ་ཡོན་ཏན་གྲགས། བར་ཐང་པ་ཆོས་ཀྱི་གྲགས་པ། བླ་མ་ཤཱཀྱ་གཞོན་ནུ། བླ་མ་ལྕེ་བློ་ལྡན་སེང་གེ ཀུན་མཁྱེན་ཡོན་ཏན་རྒྱ་མཚོ། མཁན་ཆེན་བུ་སྟོན། ཆོས་རྗེ་བྱང་ཆུབ་རྩེ་མོ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །སྒྱུ་འཕྲུལ་ཆེན་པོའི་སྒྲུབ་ཐབས་རྡོ་རྗེ་མཁའ་འགྲོ་མ་ཉིད་ཨུ་རྒྱན་དུ་བྱོན་ནས་གསུང་པ། ཨ་ཝ་དྷུ་ཏཱི་པ་དང༌། ཤཱཀྱ་བརྩོན་འགྲུས་ཀྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། རྒྱས་པ་དབང་དང་འདྲ་ལ། བསྡུས་པ། བག་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །སྒྱུ་འཕྲུལ་ཆེན་མོའི་རྗེས་སུ་འབྲངས་པའི་ཧེ་རུ་ཀའི་སྒྲུབ་ཐབས། སློབ་དཔོན་ཀུ་ཀུ་རི་པས་མཛད་པ་དང༌། རྡོ་རྗེ་སེམས་པའི་སྒྲུབ་ཐབས་ཀུ་ཀུ་རི་པས་མཛད་པ་དང༌། རྨོངས་པ་དགྲོལ་བའི་བརྟག་པ། སློབ་དཔོན་དེས་མཛད་པ་དང༌། སྒྱུ་