R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༩༤
[A:༢༩༤]མཚན། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ་དེས་བདག་གོ། ༈ །སྒྲོལ་མ་ཉི་ཤུ་རྩ་གཅིག་གི་བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ་སློབ་དཔོན་ཉི་མ་སྦས་པས་མཛད་པ། སྒྲོལ་མའི་བསྟོད་པ་མེ་ཏོག་ཕྲེང་འཛིན་ཞེས་བྱ་བ། སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སྤྱོད་པ་རྩེ་གཅིག་ཏུ་བྱེད་པས་མཛད་པ། ཀ་ན་ཀ་ཝརྨྨ་དང༌། པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བ་ལས། སླད་ཀྱིས་མ་ཎི་ཀ་ཤྲཱི་ཛྙཱ་ན་དང༌། ཆག་ལོས་བཅོས་པ་དང༌། ཡང་མེ་ཏོག་ཕྲེང་བ་འཛིན་པའི་བསྟོད་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཟླ་བ་གཞོན་ནུས་རང་འགྱུར་མཛད་པ་དང༌། ཡན་
བརྟག
ལག་བདུན་པའི་བསྟོད་པ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་གསུམ་གྱི་བརྒྱུད་པ་ནི། བྱང་ཆེན་པ་བསོད་ནམས་འཕེལ། བག་སྟོན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །པད་མ་དྲྭ་བ་འབྱུང་བ་ཞེས་བྱ་བའི་སྒྲུབ་ཐབས་རྒྱས་པ། དཔལ་ཡེ་ཤེས་ཀྱིས་མཛད་པ། སུ་མ་ན་ཤྲཱི་དང༌། རིན་ཆེན་གྲུབ་ཀྱི་བསྒྱུར་བ་དང༌། པད་མ་དྲྭ་བའི་རིམ་པ་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་མཆོད་པའི་ཆོ་ག རྒྱལ་བ་དཔལ་ཡེ་ཤེས་མིང་གཞན་པད་མ་རྡོ་རྗེ་ཞེས་བྱ་བས་མཛད་པ། སུ་མ་ན་ཤྲཱི་བྷ་དྲ་དང༌། དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། རྒྱས་པ་དབང་དང་འདྲ་ལ། བསྡུས་པ། མཁན་ཆེན་བུ་སྟོན་པ། བཀའ་བཞི་པ་ཡེ་ཤེས་དོན་གྲུབ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །
ཕྱག་བཞི་པ་གཙོ་རྐྱང༌།
དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཨ་བྷྱ་ཀཱ་ར་དང༌། རྩ་མི་ཆེན་པོས་བསྒྱུར་བ་