R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༩༥
[A:༢༩༥]དང༌། དཔལ་ནག་པོ་ཆེན་པོ་བྱ་རོག་གདོང་ཅན་གྱི་ནང་སྒྲུབ་འགྱུར་སྔ་མ་དང་འདྲ་བ་དང༌། དཔལ་ནག་པོ་ཆེན་པོའི་བསྟོད་པ། བདུད་འདུལ་བརྒྱད་མ་སངས་རྒྱས་གྲགས་པས་མཛད་པ་དང༌། དཔལ་ནག་པོ་ཆེན་པོ་བྱ་རོག་མིང་ཅན་ལ་བསྟོད་པ་རྩ་མི་སངས་རྒྱས་གྲགས་པས་མཛད་པ་དང༌། པྲ་ཀཱ་རའི་སྐད་དུ་ཡོད་པ་ལས། སེ་ལོ་ཙཱ་བས་བསྒྱུར་བ་རྣམས་ཐོས་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཨིནྡྲ་བོདྡྷི། རྒྱ་ལྕམ་ཀླུའི་བུ་ཐུབ་པ་མདོ། ར་ཧཱུ་ལ་བྷ་དྲ། ཀླུ་སྒྲུབ། ནཱ་ག་བོདྡྷི། དུས་འཁོར་བ་ཆེ་བ། ཆུང་བ། རྡོ་རྗེ་གདན་པ་ཆེ་བ། སེའུ་རི་པ། ཨཱརྻ་དེ་བ། རྩ་མི་སངས་རྒྱས་གྲགས། དཔལ་རྒྭ་ལོ། བླ་མ་ཞང༌། རིན་པོ་ཆེ་གདན་ས་པ། རྟོགས་ལྡན་གཞུང་པ། རིན་པོ་ཆེ་རྒྱལ་སྲས་པ། འགྲོ་མགོན་ཆོས་དབྱིངས་པ། བླ་མ་དཀོན་མཆོག་རྡོ་རྗེ། བླ་མ་ཆོས་སྤེལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །བྱིན་
ཕྱག་དྲུག་པ
། གྱིས་བརླབ་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཤ་བ་རི་པས་མཛད་པ་ཐོབ་པའི་བརྒྱུད་པ་ནི། བླ་མ་གྲགས་དོན་པས། མཁན་ཆེན་ཤེས་རབ་འོད་ཟེར་དང༌། མཁན་ཆེན་ཤེས་རབ་རྡོ་རྗེ་གཉིས་ལ་གསན་གསུང༌། དཔལ་ལྷ་མོ་ནག་མོ་སྒྲུབ་པའི་ཐབས་
ནཱ་རོ་པ་ལ་མཛད་ཟེར
། མུ་སྟེགས་ཀྱི་སྒྲུབ་ལུགས་ཞེས་པ། སློབ་དཔོན་ལོ་ཀ་ཤྲཱིས་བསྒྱུར་བ་ཐོས་པ་ནི། རིན་པོ་ཆེ་དོན་གྲུབ་དཔལ། རྔོག་པ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ཤ༽པ་ལ། དཔལ་གསང་བ་འདུས་པའི་ལེའུ་བཅུ་བདུན་པའི་འགྲེལ་པ་སྒྲོལ་མ་གསལ་བར་བྱེད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ནཱ་གཱརྫུ་ནའི་མན་ངག་ལ་བརྟེན་ནས་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱདྡྷ་ཀ་ར་ཝརྨྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ་ལས། ཕྱིས་རྒྱ་གར་གྱི་མཁན་པོ་ཤྲཱི་ཛྙཱ་ན་ཀཱ་ར་ལས་བཤད་