[A:༢༥]དོན། ཨཥྚའི་བྱད་བཟློག སྤྱན་རས་གཟིགས་དམར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། ཌཱ་ཀི་མའི་ལག་ཆངས་ཞེས་པའི་མན་ངག དབང་བསྡུས་ཀྱི་རིལ་བུ་སྦྱོར་ཐབས་ཚན་གཉིས། ཌཱ་ཀི་མ་ལག་འགུལ་གྱི་གདམས་པ། ལྷ་མོ་ཏེ་ནུའི་སྒྲུབ་ཐབས་བདུད་རྩིའི་ལྷ་མོ་འོད་འཆང་མའི་སྒྲུབ་ཐབས་རྣམས་སོ། །ཕྱག་རྒྱ་ཆེན་པོ་གཅེས་བསྡུས་ལ། སྣུབས་ནམ་མཁའི་སྙིང་པོའི་ནག་པོའི་འབྲུ་བདུན་ཞེས་པའི་མན་ངག སེར་བ་རླུང་ཆར་གཅོད་པའི་མན་ངག ཌོཾ་བྷི་ཧེ་རུ་ཀའི་ཡི་གེ་བཞི་པ། རྣལ་འབྱོར་པ་ཆེན་པོ་པིན་ཐར་ཏའི་གདམས་པ། བདག་བྱིན་གྱིས་བརླབ་པའི་རིམ་པ་འགོས་ཀྱིས་དགེ་བཤེས་བླན་ལ་གནང་བ། དམ་ཚིག་ཉམས་པ་ཏིང་ངེ་འཛིན་གྱིས་སྦྱང་བའི་ཐབས། བཙུན་མོ་ཅན་ལས་འགོས་ལ་རྒྱུད་པ། ས་ར་ཧའི་གདམས་པ་དབུ་མ་རབ་ཏུ་མི་གནས་པའི་སྒོ་ནས་དོན་དཔྱད་པ། དོ་ཧ་མཛོད་ཀྱི་གླུའི་མན་ངག་རྒྱ་གར་ཕྱག་ན་ལས་རྒྱུད་པ། དེ་ཁོ་ན་ཉིད་ཀྱི་རྩ་བའི་སྒོམ་ཐབས་རྩ་བའི་མན་ངག རླུང་ཁ་སྦྱོར་བསྒོམ་པའི་མན་ངག རྨི་ལམ་འཛིན་པའི་མན་ངག་བཞིར་བསྡུ་བ། འཆི་བལྟས།
སེམས་འཛིན་གྱི་མན་ངག་གནས་སྦྱོང་གི་མན་ངག་རྣམས་ཐོབ་བོ།།
Rigs gter rang 'grel from Gling smad paṇ chen Shes rab dpal ldan
༈ །།ཡང༌། རིགས་གཏེར་རང་འགྲེལ་ཆོས་རྗེ་གཡག་པ་ནས་རྒྱུད་པ་བཤད་པ་དང་བཅས་ནས། གསང་ནེའུ་ཐོག་གི་གདན་ས་པ་གྲྭ་སྟོན་ཤེས་རབ་དཔལ་ལྡན་པ་ལས་ཐོབ་པའི་བརྒྱུད་པ་ནི། ཆོས་རྗེ་ས་སྐྱ་པཎ་ཆེན། འུ་ཡུག་པ་རིག་པའི་སེང་གེ འུ་ཡུག་པ་མདོ་སྡེ་དཔལ། གུ་རུ་འཇམ་སྐྱའོ་ནམ་མཁའ་དཔལ་འཇམ་དཔལ་རྒྱལ་མཚན། སྤང་ལོ་ཙྪ་བ་བློ་གྲོས་བརྟན་པ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། བརྩོན་འགྲུས་དཔལ། དཀོན་མཆོག་གྲགས། མཁན་ཆེན་སངས་རྒྱས་དཔལ། བླ་མ་ཀུན་དགའ་བཟང་པོ། པཎྜི་ཏ་ཤེས་རབ་དཔལ་ལྡན། དེས་བདག་ལའོ། །
ཡང་ན། བརྩོན་འགྲུས་དཔལ་