R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༦
[A:༢༦]ལ། ས་བཟངས་འཕགས་པ་གཞོན་ནུ་བློ་གྲོས། ཆོས་རྗེ་ངོར་པ། ཡང་ན། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ནམ་བཟའ་བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། རྗེ་ངོར་ཆེན། ཡང་ན། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། བླ་མ་ཀུན་དགའ་བཟང་པོ། དེ་ལ་གསང་ཕུ་གདན་ས་པ། དེས་རིག་པ་སྨྲ་བ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་བདག་ལའོ།།
།།རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་བསྐོར།། ༈ །རྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་གི་ཞལ་སྔ་ལས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་བཀའ་ལུང་མན་ངག་ཐོབ་པའི་རིམ་པ་ལ། དབང་དང་རྗེས་སུ་གནང་བ་གཉིས་ཀྱི། དང་པོ་གྲི་གུག་ལྷ་ལྔའི་དབང་གི་ཆོ་ག་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། པཎྜི་ཏ་གཱ་ཡ་དྷ་ར་དང༌། འབྲོག་མིའི་འགྱུར། ཡང༌། པཎྜི་ཏ་དེ་ལས། འགོས་དང༌། གྱི་ལྗང་གིས་ཉན་ཅིང་བསྒྱུར་བའི་ཡིག་ཆའི་སྟེང་ནས་དབང་བསྐུར་བ་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་ཌཱ་ཀི་མ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྟྲ་བྷུ་ཏི། ཕུན་ཚོགས་བདེ་བ། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། བླ་ཆེན་འབྲོག་མི། ཞེ་སྡང་རྡོ་རྗེ། རོལ་པའི་རྡོ་རྗེ། མི་སྐྱོད་རྡོ་རྗེ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་པ། བླ་མ་ཤེས་རབ་འབྱུང་གནས། བླ་མ་རྡོ་རྗེ་འོད་ཟེར། ཆོས་ཀྱི་རྒྱལ་པོ་འཕགས་པ། དམ་པ་ཀུན་དགའ་གྲགས། བླ་མ་ཀུན་བསོད་པ། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། རྗེ་བཙུན་དམ་པ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །འདིར་རྗེ་མྱུ་གུ་ལུང་པའི་སློབ་མ་ལོ་ཙཱ་བ་གྱི་ལྗང་དབུ་དཀར་བའི་ལུགས་ཀྱིས། ནག་པོ་ཆེན་པོ་ལ་མ་གཤིན་བཅུ་དྲུག་གིས་བསྐོར་བ། ལྷ་བཅུ་བདུན་གྱིས་བསྐོར་བའི་དཀྱིལ་