R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༩༨
[A:༢༩༨]ཐོས་པའི་བརྒྱུད་པ་ནི། འཇམ་དཔལ་དབྱངས། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། འཇམ་དཔལ་གྲགས་པ། ཡན་ལག་མེད་པའི་རྡོ་རྗེ། ཀརྞ་པ། ཛྙཱ་ན་ཤྲཱི་མི་ཏྲ། བ་ལིཾ་ཨཱ་ཙཱརྻ། གཉོས་ལོ་ཙཱ་བ། སྲས་དཔལ་སེང༌། གྲགས་པ་དཔལ། གཉོས་ཆོས་གཟི་བརྗིད། དོལ་པ་བྱང་ཆུབ་ཤེས་རབ། རྡོ་རྗེ་ཚུལ་ཁྲིམས། ཆོས་སྐྱོང་དཔལ། བཀའ་བཅུ་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །ཡང་གཅིག་ནི་གཉན་ལ་གནམ་ཁའུ་པ་ནས། ས་སྐྱ་ནས་བརྒྱུད་དེ། དགའ་ལྡན་པ་ཀུན་བསོད། ཆོས་སྐྱོང་དཔལ་མན་འདྲའོ།། ༼ཀི༽་པ་ལ། སློབ་དཔོན་ཆེན་པོ་མར་མེ་མཛད་བཟང་པོས་མཛད་པའི་གསང་བ་འདུས་པའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས། སློབ་དཔོན་མཁས་པ་ཆེན་པོ་དཔལ་ཀུན་དུ་བཟང་པོའི་ཞབས་ཀྱིས་མཛད་པ། སུ་ག་ཏ་ཀིརྟིས་བསྒྱུར་ནས་གཏན་ལ་ཕབ་པ། དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་བསོད་སྙོམས་པས་མཛད། ཤྲཱདྡྷ་ཀ་ར་ཝརྨྨ་དང༌། རིན་ཆེན་བཟང་པོའི་འགྱུར་དང༌། དཔལ་མི་སྐྱོད་རྡོ་རྗེའི་སྒྲུབ་ཐབས་སློབ་དཔོན་དཔལ་རིན་ཆེན་རྡོ་རྗེས་མཛད་པ། པདྨཱ་ཀ་ར་ཝརྨྨ་དང༌། རིན་ཆེན་བཟང་པོའི་འགྱུར་དང༌། འདུས་ཤིང་རྟོགས་སླ་བའི་འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས། པུ་
པུ་ན་ཡ
། ཎྱ་ཤྲཱི་མི་ཏྲ་པཎྜི་ཏས་མཛད་པ། ཀློག་ཀྱ་གཞོན་ནུ་འབར་གྱིས་བསྒྱུར་བ་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རིམ་པའི་སྒྲུབ་པ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་དེ་ཉིད་དང༌། རིན་ཆེན་བཟང་པོས་བསྒྱུར་བ་རྣམས་ཐོས་པའི་བརྒྱུད་པ་ནི། འཇམ་པའི་དབྱངས། ཡེ་ཤེས་ཞབས། མར་མེ་མཛད་བཟང་