R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༩༩
[A:༢༩༩]པོ། འཇམ་དཔལ་གྲགས་པ། ཡན་ལག་མེད་པའི་རྡོ་རྗེ། ཀརྞ་པ། ཛྙཱ་ན་ཤྲཱི་མི་ཏྲ། བ་ལིཾ་ཨཱ་ཙརྻ། གཉོས་ལོ་ཙཱ། དེའི་སྲས་དཔལ་སེང༌། དེའི་སྲས་གྲགས་པ་དཔལ། གཉོས་ཆོས་ཀྱི་གཟི་བརྗེད་འདི་མཁས་ཤིང་རྒྱ་ཆེ། འདི་ནས་ཐམས་ཅད་ཚང་བར་ཡོད། དེ་ལ་དོ་པ་བྱང་ཆུབ་ཤེས་རབ། བཛྲ་ཤཱི་ལ། ཆོས་སྐྱོང་དཔལ་ལོ། །ཡང་གཉན་ལོ། གནམ་ཁའུ་པ། ས་སྐྱ་པ། སློབ་དཔོན་བསོད་རྩེ། རྗེ་བཙུན་པ། ཆོས་རྗེ་ས་པཎ། འཕགས་པ། དགའ་ལྡན་པ་ཀུན་བསོད། བླ་མ་ཆོས་སྐྱོང་དཔལ། བཀའ་བཅུ་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༼ཁི་༽པ་ལ། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་ལེའུ་བཅོ་བརྒྱད་པའི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ་ཞེས་བྱ་བ། གྲུབ་ཐོབ་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་ཞི་བ་བཟང་པོ་དང༌། ཚུལ་ཁྲིམས་རྒྱལ་བའི་འགྱུར་ཐོས་པའི་བརྒྱུད་པ་ནི། བླ་མ་ཞང་སྒོམ། བླ་མ་བསོད་ནམས་སེང་གེ བླ་མ་སེང་རྒྱལ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼གི་༽པ་ལ། དགྲ་ནག་གི་སྒྲུབ་ཐབས་ཚིག་གི་སྣང་བ་གྲུབ་པ་ཞེས་བྱ་བ། སློབ་དཔོན་དཔལ་འཛིན་གྱིས་
ཞི་བ་བཟང་པོ་དང་ནག་ཚོས་འགྱུར
། མཛད་པ། དྷ་ན་ཀིརྟི་དང༌། ཚུལ་ཁྲིམས་
འདི་ལ་ཤླཽ་ཀ་སུམ་ཅུ་རྩ་ལྔ་དང་བཅས་པ་བརྒྱ་ཕྲག་བཅུ་གསུམ་པ་ཀུན་ཏུ་བཟང་པོ་དང༌། ཆོས་ཀྱི་ཤེས་རབ་ཀྱི་འགྱུར་ཟེར་བ་བརྟག་གོ
། རྒྱལ་བའི་འགྱུར་ཐོས་པའི་བརྒྱུད་པ་ནི། དཔལ་འཛིན། པད་མོ་ཞབས། ཀ་རོ་ཆེ་བ། ཀ་རོ་ཆུང་བ། ནི་རུ་པ། དམ་པ་རྫོང་པ། དམ་པ་ལྷ་རྗེ། ཇོ་དབང༌། གཅུང་ཆོས་དབང༌། དབོན་ཤེས་རབ་དཔལ། འགྲོ་བའི་མགོན་པོ་བཛྲ་སིདྡྷི། བསོད་ནམས་བྱང་ཆུབ། བླ་མ་འཛམ་གླིང་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་