R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༠༡
[A:༣༠༡]བདག་གོ། ༈ །འཇིགས་བྱེད་ཀྱི་སྒྲུབ་ཐབས་ཨཱ་ཙཱརྻ་དོན་ཡོད་རྡོ་རྗེས་མཛད་པ་དེ་ཉིད་ཀྱི་རང་འགྱུར། འཇིགས་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ། སློབ་དཔོན་ཤྲཱི་བྷ་དྲས་མཛད་པ་དང༌། དཔལ་འཇམ་དཔའི་རྡོ་རྗེ་ཞེས་བྱ་བའི་དཀྱིལ་ཆོག་དོན་ཡོད་པའི་ཞབས་ཀྱིས་མཛད་པ། དེ་ཉིད་དང༌། རྡོ་རྗེ་གྲགས་ཀྱི་འགྱུར་དང༌། འཇིགས་བྱེད་ཀྱི་ཚོགས་ཀྱི་འཁོར་ལོ་རཏྣ་ཨ་ཀཱ་ར་ཤཱནྟིས་མཛད་པ། དཱི་པཾ་ཀཱ་ར་རཀྵི་ཏ་དང༌། རྭ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ་དང༌། ཙྪུནྡྷ་ཙྪུནྡྷ་རའི་རྟོག་པ་རྭ་རྡོར་གྲགས་ཀྱི་འགྱུར་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་གི་ཆོ་ག ཨ་མོ་གྷ་བཛྲས་མཛད་པ། རྭ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ་དང༌། ལས་རྒྱུད་ཀྱི་གྲོགས་བསྟན་པ་དང༌། དམ་རྫས་བདུད་རྩི་ཟ་བའི་རྟོག་པ་དང༌། གཏམ་རྒྱུད་ཀྱི་རྟོག་པ་དང༌། དེ་རྣམས་ཐོས་པའི་བརྒྱུད་པ་ནི། གཤིན་རྗེ་གཤེད་ནག་པོའི་དཀྱིལ་ཆོག་དཔལ་འཛིན་གྱིས་མཛད་པ་དང་འདྲའོ། །འཇིགས་བྱེད་ཀྱི་ཕྱག་མཚན་གྱི་རྣམ་པར་དག་པ་ཞེས་བྱ་བ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། མལ་གྱོ་བློ་གྲོས་གྲགས་པས་བསྒྱུར་བའི་བརྒྱུད་པ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ་བཞིན་ནོ། །གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་ཤྲཱི་བི་རུ་པས་མཛད་པ། དཱ་ན་ཤཱི་ལའི་རང་འགྱུར་དང༌། གཤིན་
ལྷན་སྐྱེས
། རྗེ་གཤེད་མཐར་བྱེད་དམར་པོའི་སྒྲུབ་ཐབས་བིརྺ་པས་མཛད་པ། རེ་ཝེནྡྲ་དང༌། ཆག་ལོའི་འགྱུར་དང༌། གཤེད་དམར་གྱི་གཏོར་མའི་ཆོ་ག་བིརྺ་པས་མཛད་པ། ཉི་མའི་དབང་པོའི་འོད་ཟེར་དང༌། ཆག་ལོའི་འགྱུར་དང༌། གཤིན་རྗེ་གཤེད་དམར་པོའི་བྱིན་གྱིས་བརླབས་པའི་མན་ངག་འོད་གསལ་འཆར་བའི་རིམ་པ། བིརྺ་པས་མཛད་པ། རེ་ཝེནྡྲ་དང༌། ཆག་ལོའི་འགྱུར། ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་ཅེས་བྱ་བ་བིརྺ་པས་མཛད་པ། དརྤན་ཨཱ་ཙརྻ་དང༌། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་