R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༠༢
[A:༣༠༢]ཆེན་གྱི་འགྱུར་དང༌། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། དཔལ་དཔའ་བོའི་རྒྱལ་པོས་མཛད་པ། འགྱུར་གོང་བཞིན་དང༌། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གྱི་ཕྲེང་བ་ཞེས་བྱ་བ་རྒྱུད་ཆེན་འབུམ་ཕྲག་གསུམ་པ་ལས་བྱུང་བ། བི་རུ་པས་མཛད་པ་དཱ་ན་ཤཱི་ལས་སྲིན་པོ་རིར་བསྒྱུར་བ་དང༌། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ། ཉི་མའི་དབང་པོའི་འོད་ཟེར་དང༌། ཆག་ལོའི་འགྱུར་དང༌། གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཆོ་ག་དཔལ་འཛིན་གྱིས་མཛད་པ། ཉི་མའི་དབང་པོའི་འོད་ཟེར་དང༌། ཆག་ལོའི་འགྱུར་དང༌། རྣལ་འབྱོར་བཞིའི་དེ་ཁོ་ན་ཉིད་ཅེས་བྱ་བ་རང་བྱིན་གྱིས་བརླབ་པའི་མན་ངག བྲམ་ཟེ་དཔལ་འཛིན་གྱིས་མཛད་པ། དརྤན་ཨཱ་ཙརྻ་དང༌། གློ་བོ་ལོ་ཙཱ་བས་བསྒྱུར་བ་དང༌། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ། ཉི་མ་རྒྱལ་མཚན་གྱིས་ཐར་པ་གླིང་དུ་བསྒྱུར་བ་དང༌། གཤིན་རྗེ་གཤེད་དམར་པོའི་ཏིང་ངེ་འཛིན་གྱི་ཆོ་ག་དཔལ་འཛིན་གྱིས་མཛད་པ། དཱ་ན་ཤཱི་ལས་བསྒྱུར་བ་དང༌། དེའི་སྒྲུབ་ཐབས་རྣམ་པར་སྣང་མཛད་བསྲུང་བས་མཛད་པ་འགྱུར་གོང་བཞིན་དང༌། རང་བྱིན་གྱིས་བརླབ་པའི་རིམ་པ་མན་ངག་དང་བཅས་པ། གཤིན་རྗེ་མཐར་བྱེད་དམར་པོའི་མངོན་པར་རྟོགས་པ་སློབ་དཔོན་བློ་གྲོས་བཟང་པོས་མཛད་པ་འགྱུར་གོང་བཞིན་དང༌། དུས་ཀྱི་འཁོར་ལོའི་ལུགས་ཀྱི་གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་ཤོངས་ལོའི་འགྱུར་དང༌།
དཱ་ན་ཤཱི་ལས་མཛད་ཟེར
། གཤིན་རྗེ་གཤེད་ཀྱི་ལས་ཚོགས་ཀྱི་འཁོར་ལོའི་དེ་ཁོ་ན་ཉིད་གསལ་བར་བྱེད་པ། སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པ། རྡོ་རྗེ་གདན་པ་ནིསྐ་ལཾ་ཀ་དང༌། དཔྱལ་ལོའི་འགྱུར་དང༌། སློབ་དཔོན་བློ་བཟང་སྙིང་པོས་མཛད་པའི་གཤིན་རྗེ་གཤེད་དགྲ་དམར་པོའི་སྒྲུབ་ཐབས་ཐར་ལོའི་འགྱུར་དང༌། གཤིན་རྗེ་གཤེད་དམར་པོའི་རྫོགས་པའི་རྣལ་འབྱོར་ཞེས་བྱ་བ་འཇིགས་མེད་འབྱུང་གནས་སྦས་པས་