R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༡༤
[A:༣༡༤]དང༌། ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ་ས་ར་ཧས་གསུང་བ་དང༌། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ས་ར་ཧས་མཛད་པ། བླ་མ་ནག་པོ་པས་རང་འགྱུར་དུ་གནང་བ་དང༌། དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག་ས་ར་ཧས་མཛད་པ། ཤྲཱི་བཻ་རོ་ཙཱ་ན་རཀྵི་ཏས་རང་འགྱུར་དུ་མཛད་པ་དང༌། མན་ངག་གི་ཚིགས་སུ་བཅད་པ་བཅུ་གཉིས་པ་ས་ར་ཧས་མཛད་པ་དང༌། དེ་ཁོ་ན་ཉིད་ཀྱི་མན་ངག་རྩེ་མོ་དོ་ཧའི་གླུ་ཞེས་བྱ་བ་ས་ར་ཧས་མཛད་པ་དང༌། རང་བྱིན་གྱིས་བརླབ་པའི་རིམ་པའམ། བདག་བྱིན་གྱིས་བརླབས་པ་གྲུབ་པ་ས་ར་ཧས་མཛད་པ་ཤཱནྟ་བྷ་དྲ་དང༌། རྨ་བན་གྱིས་བསྒྱུར་བ་རྣམས་ཐོས་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། བྱང་སེམས་བདེ་བའི་མགོན་པོ་དང༌། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གཉིས་ལ། བྲམ་ཟེ་ས་ར་ཧ་དང༌། སློབ་དཔོན་ཀླུ་སྒྲུབ་གཉིས་ཀྱིས་གསན། དེ་གཉིས་ལ་ཤ་བ་ར་དབང་ཕྱུག མངའ་བདག་མཻ་ཏྲི་པ། རྒྱ་གར་ཕྱག་ན་དང༌། མངའ་རིས་ཇོ་གདན་པ་དྷརྨྨ་ཤཱི་ལ། གྲུ་ཤུལ་བ་དྷརྨྨ་ཀིརྟི། སྤར་ཕུ་བ་བློ་གྲོས་སེང་གེ ཁམས་པ་གླང་སྟོན། གྲོས་མོ་བྲག་པ། རིན་པོ་ཆེ་འབྲས་དཀར་བ། བླ་མ་ངམ་ཤོད་རིན་ཆེན། བླ་མ་ཐང་ཚུལ་ཁྲིམས་མགོན། བླ་མ་དཀོན་མཆོག་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །དོ་ཧ་མཛོད་ཅེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་མཛད་པ་ཤྲཱི་བཻ་རོ་ཙཱ་ནས་རང་འགྱུར་དུ་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། བིརྺ་པ། ནག་པོ་པ། སྒྲ་མཁན་ཞབས། སུ་ར་པ། པྲ་ཛྙཱ་རཀྵི་ཏ། ཞང་འཚལ་པ། སྒོམ་པ་ཚོང་སྟོན་པ། ལྕེ་སྒོམ་ཤེས་རབ་རྡོ་རྗེ། འདུལ་བ་རྡོ་རྗེ། བསོད་ནམས་རྒྱལ་མཚན། སྤྲུལ་སྐུ་གཞོན་ནུ་དཀོན་བཟང༌། རྒྱ་སྒོམ་གྲུབ་པ་དཔལ། འཛིམས་མ་རྒྱལ་མཚན་དཔལ། ཀུན་སྤང་ཆོས་གྲགས་དཔལ་
གཉིས་འདུག
བཟང་