R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༡༥
[A:༣༡༥]པོ། རྒྱང་རོ་བ་ཤེས་རབ་རིན་ཆེན། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །དོ་ཧ་མཛོད་ཅེས་བྱ་བ། ཏཻ་ལོ་པས་མཛད་པ། རྣམ་པར་སྣང་མཛད་རྡོ་རྗེའི་ཞལ་སྔ་ནས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། ཏཻ་ལོ་པ། ནཱ་རོ་པ། པྲ་ཛྙཱ་རཀྵི་ཏ། ཞང་འཚལ་པ་མན་གོང་བཞིན་ནོ། །གྲུབ་ཐོབ་བརྒྱད་བཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་སློབ་དཔོན་དཔའ་བོ་འོད་གསལ་
སུརྻ་རསྨི་འང་ཟེར
། གྱིས་ཕྱོགས་ཅིག་ཏུ་བསྡུས་པ་ཐོས་པའི་བརྒྱུད་པ་ནི། གྲུབ་ཐོབ་བརྒྱད་བཅུ་རྩ་བཞི། ཡེ་ཤེས་ཀྱི་མཁའ་འགྲོ་ཀོང་ཀ་ལི་དང༌། རྨ་བའི་དབང་གཉིས། དེ་གཉིས་ལ་པཎྜི་ཏ་སུརྻ་རསྨི། ཀ་མ་ལ། ཚ་བ་རི་པ། མི་འཇིགས་པ་སྦྱིན་པའི་དཔལ། རྩ་མི་ལོ་ཙཱ་བ། སྨོན་གྲུབ་ཤེས་རབ། རིན་པོ་ཆེ་ཡབ་སྲས། རཏྣ་གུ་རུ། དགའ་ལྡན་པ་གྲུབ་ཐོབ་ཧཱུྃ་འབར། རྒན་མོ་ལྷས་པ། སྟག་སྟོན་གཞོན་དར། བག་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ནག་པོ་པའི་དོ་ཧའི་འགྲེལ་པ་འོད་དཔག་མེད་ཀྱིས་མཛད་ཐོས་པའི་བརྒྱུད་པ་ནི། ཀ་ཁའི་དོ་ཧའི་རང་འགྲེལ་བཞིན་ནོ། །སློབ་དཔོན་ནག་པོ་རྡོ་རྗེས་མཛད་པའི་དོ་ཧ་མཛོད། བཻ་རོ་ཙཱ་ནའི་རང་འགྱུར་ཐོས་པའི་བརྒྱུད་པ་ནི། ནག་པོ་རྡོ་རྗེ། སྒྲ་མཁན་ཞབས། སུ་ར་པ། པྲ་ཛྙཱ་རཀྵི་ཏ། ཞང་འཚལ་པ་མན་ཆད་གོང་གི་བིརྺ་པའི་དོ་ཧ་བཞིན་ནོ། །ཕྱག་རྒྱ་ཆེན་པོའི་མན་ངག་ཏཻ་ལོ་པས་མཛད་པ་ག་ག་མར་གྲགས་པ་ཐོས་པའི་བརྒྱུད་པ་ནི། བླ་མ་བག་སྟོན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ཞི་བྱེད་ཀྱི་མན་ངག་སྒྲོལ་མ་དགུ་སྐོར་ཞེས་པ་ཐོས་པ་ལ། མན་ངག་སྐུའི་སྒྲོལ་མ། ཐེག་པ་གསུང་གི་སྒྲོལ་མ། ཡང་དག་ལྟ་བའི་སྒྲོལ་མ། རིན་ཆེན་སྒོམ་པའི་སྒྲོལ་