R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༧
[A:༢༧]འཁོར་གྱི་ཆོ་ག་ཡང་འདིས་བསྡུས་པར་བཞེད་དོ།། ༈ །།གཉིས་པ་རྗེས་སུ་གནང་བ་ལ། ནག་པོ་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱི་ལུགས། ལྷ་གསུམ་དུ་སྦགས་ཏེ་བསྒྲུབ་པའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ། ཆོས་རྗེ་བླ་མ་དམ་པས་མཛད་པའི་ཡིག་ཆའི་སྟེང་ནས་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ།
ཤྲཱདྡྷ་དད་པ་ཨཱ་ཀ་ར་འབྱུང་གནས་ཏེ་དད་པའི་འབྱུང་གནས་གོ་བར་སྒྱུར་བ་དག་པ་འདུག དད་བྱེད་གོ་བ་ཆུང་བ་
ཤྲཱདྡྷ་ཀ་ར་ཝརྨྨ། ཇོ་བོ་རིན་ཆེན་བཟང་པོ། བྲག་སྟེངས་པ་ཡོན་ཏན་ཚུལ་ཁྲིམས། མལ་གྱོ་ལོ་ཙཱ་བ། བླ་མ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། ཆོས་རྒྱལ་འཕགས་པ། པཎྜི་ཏ་ཤེས་རབ་རྡོ་རྗེ། བླ་མ་འཕགས་རྒྱལ། བླ་མ་བཟང་པོ་པ། དཔལ་ལྡན་བླ་མ་དམ་པ། མཁན་ཆེན་ཤེས་རབ་རྡོ་རྗེ། རྗེ་བཙུན་དམ་པ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བླ་མ་འཕགས་པ། ཞང་དཀོན་མཆོག་དཔལ། ནམ་བཟའ་བྲག་ཕུག་པ། དྲུང་ཆོས་ཀྱི་རྗེ། མཁན་ཆེན་ཤེས་རབ་རྡོ་རྗེ། རྗེ་བཙུན་དམ་པ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བླ་མ་འཕགས་པ། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་བླ་མ་དམ་པ། མཁན་ཆེན་ཤེས་རབ་རྡོ་རྗེ། རྗེ་བཙུན་དམ་པ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཆོས་རྗེ་ས་པཎ་ལ། བླ་མ་ཁང་སར་བ། བློ་ཆེན་སེང་གེ་དཔལ། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། རྗེ་བཙུན་དམ་པ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང་ལྷ་གསུམ་མའི་རྗེས་གནང་གི་བརྒྱུད་པ་ནི། འཕགས་པ་ཡན་གོང་གི་རྗེས་གནང་གི་རྒྱུད་པ་དང་འདྲ་བ་ལས། འཕགས་པ་ལ། ཚོགས་སྒོམ་པ། ལ་རུ་བ། ཉན་ཆེན་པ། མ་ཏི་པཎ་ཆེན། ཐེག་ཆེན་ཆོས་རྗེ། ཕ་ཆོས་ཀྱི་རྗེ་དེས་བདག་ལའོ།། ༈ །།ཡང༌། གུར་