R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༢༥
[A:༣༢༥]རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༼ཧུ༽པ་ནས། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་དགེ་ཚུལ་གྱིས་ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་འགྲེལ་པ། འོད་ལྡན་བམ་པོ་
འདིའི་རྩ་བ་མཁན་ཆེན་ཐམས་ཅད་མཁྱེན་པ་བསོད་ནམས་རྣམ་པར་རྒྱལ་བའི་ཞབས་ལས་བཤད་པ་དང་བཅས་ཏེ་ཐོབ།
བརྒྱད་པ། སརྦྦ་ཛྙཱ་དེ་བ་དང༌། རྩངས་དེ་ཝེནྡྲ་རཀྵི་ཏའི་འགྱུར་ཐོས་པའི་བརྒྱུད་པ། བླ་མ་གཞོན་ཚུལ་བ། སྤྲུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ།
འདི་གོང༌།
༼ལི་༽པ་ནས། སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ཐེག་པ་ཆེན་པོའི་སྡོམ་ཐེག་བསྡུས། བམ་པོ་བཞི་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། ཡེ་ཤེས་སྡེའི་འགྱུར་ཐོས་པའི་བརྒྱུད་པ། བླ་མ་ཡོན་ཏན་འབུམ། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ཐེག་པ་ཐུན་མོང་གི་སྡོམ་ཆོས་མངོན་པ་ཀུན་ལས་བཏུས་པ་བམ་པོ་ལྔ་པ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། ཡེ་ཤེས་སྡེའི་འགྱུར་ཐོས་པའི་བརྒྱུད་པ། ལོ་ཙཱ་བ་མཆོག་ལྡན། ལོ་ཙཱ་བ་བློ་བརྟན། ལོ་ཙཱ་བ་བྱང་རྩེ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༼ཀེ་༽པ་ནས། སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སུམ་ཅུ་རྩ་བཞི་པ་བམ་པོ་བཅུ་གཉིས་པ་ཐོས་པའི་བརྒྱུད་པ། སྟག་ཐོག་པ་རྡོ་རྗེ་དཔལ། བར་ཞུས་པ་བླ་མ་གཞོན་ནུ་དཔལ། བླ་མ་ཆོས་རྗེ་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །རྡོ་རྗེ་ཕྲེང་བའི་ཚོགས་འཁོར་གྱི་ལུང་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་བ།
ཕག་མོ་དཀར་མོ
། ཨ་བྷ་ཡ་ཀཱ་ར།
རྡོ་རྗེ་གདན་