R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༢༦
[A:༣༢༦]
། ན་ཡ་ཀ་པ།
འདྲེན་པ་བ
། ད་ཤ་བ་ལ་ཤྲཱི།
སྟོབས་བཅུའི་དཔལ
། བིཀྵཾ་ཏ་དེ་བ།
རྣམ་པར་གྲགས་པའི་ལྷ་རྡོ་རྗེ་གདན་པ
། པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ། དེའི་གཅུང་པོའི་སྲས་བྷུ་མི་ཤྲཱི། དེའི་སྲས་བི་མ་ལ་ཤྲཱི། ལོ་ཙཱ་བ་གྲགས་རྒྱལ། བླ་མ་རོང་པ་ཤེར་སེང༌། བླ་མ་བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་གཞོན་ནུ་དཔལ་བཟང༌། རིན་པོ་ཆེ་ཨ་མོ་གྷ་པ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། །།ཤུ་བྷཾ། བྷ་ཝནྟུ།། དགེ་བའོ།། །། ༄། །གཞན་ཡང་སེམས་དཔའ་ཆེན་པོ་ཤཱཀྱ་རྒྱལ་མཚན་གྱི་ཞལ་སྔར། བདེ་མཆོག་སྙན་རྒྱུད་ཀྱི་ཉམས་ཁྲིད་ལེགས་པར་ཐོབ་ནས། དེའི་ཆ་ལག་གི་ལུང་བཀའ་རྫོགས་པར་ཐོབ་པའི་རིམ་པ་ནི། དཀར་ཆག་ཞང་ལོ་ཙཱ་བ་གྲུབ་པ་དཔལ་གྱི་མཛད་པ། རྡོ་རྗེའི་ཚིག་རྐང་མར་པའི་འགྱུར། དེའི་བསྡུས་དོན་ཞང་ལོས་མཛད་པ། ཏཻ་ལོ། ནཱ་རོ། མར་པ། མི་ལ། རས་ཆུང་པ། ཁྱུང་ཚང་པ་སྟེ་དྲུག་གི་ལོ་རྒྱུས་ཡིད་བཞིན་ནོར་བུ། ཡང་མ་ཅིག་ཨོ་ཇོ། མར་སྟོན་ཚུལ་ཁྲིམས་འབྱུང་གནས། སློབ་དཔོན་རྟར་སྒོམ་སྟེ་སྤྲུལ་སྐུ་ལྕམ་སྲིང་གསུམ་གྱི་རྣམ་ཐར། ཞང་ལོའི་རྣམ་ཐར། བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་མངོན་རྟོགས་བསྡུས་པ། ལྷ་བཅུ་གསུམ་གྱི་མངོན་རྟོགས། ལྷ་ལྔའི་མངོན་རྟོགས། རྣལ་འབྱོར་མ་ལྷ་མོ་བཅོ་ལྔའི་མངོན་རྟོགས། ལྷ་མོ་བདུན་གྱི་མངོན་རྟོགས། ལྷ་མོ་ལྔའི་མངོན་རྟོགས་ཏེ། མངོན་རྟོགས་དྲུག་མི་བསྐྱོད་རྡོ་རྗེས་མཛད་པ། རྡོ་རྗེ་ཕག་མོའི་སྒོ་ནས་སློབ་མ་རྗེས་སུ་བཟུང་བའི་དཀྱིལ་ཆོག བདེ་མཆོག་སྙན་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག རྨི་ལམ་རྣམ་པར་གསལ་