R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༣༨
[A:༣༣༨]མཚན། རོང་པ་ཤེས་རབ་སེང་གེ དེ་གཉིས་ཀ་ལ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། རིན་པོ་ཆེ་གྲགས་པ་དོན་གྲུབ། སེམས་དཔའ་ཆེན་པོ་ཤཱཀྱ་རྒྱལ་མཚན། དེས་བདག་ཐུ་བཙུན་ཀུན་དགའ་རྣམ་པར་རྒྱལ་བ་ལའོ། །ཡང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། རྒྱལ་རིན་པོ་ཆེ། གར་ཐིག་པ་བསོད་རྒྱལ། བཀའ་བཅུ་བ་གཞོན་ནུ་སེང་གེ བླ་མ་མགོན་པོ་འབུམ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཞེས་པའང་འདུག དེ་ནས་གྲགས་དོན་པ་ཡིན་པ་འདྲའོ། །ཡང་གོ་ཏཾ་ཤྲཱི་ལ། པཎྜི་ཏ་ཀྵཱན་ཏི་ཤྲཱི། ཤོང་བློ་བརྟན། ལོ་མཆོག དཔང་བློ་བརྟན། ཀུན་སྤངས་ཆོས་གྲགས། མཁན་ཆེན་བྱང་སེང་པ། ཀུན་དགའ་བློ་གྲོས་པ། ནམ་མཁའ་རྒྱལ་པོབླ་མ་དམ་པ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ།། །། ༄། །ཇོ་བོའི་ཆོས་འབྱུང་བརྒྱ་རྩའི་ཐོབ་ཡིག ཡང༌། ཇོ་བོ་ཆེན་པོ། དགེ་བཤེས་སྟོན་པ། པོ་ཏོ་བ། ཤ་ར་བ། འཆད་ཁ་བ། སྤྱིལ་བུ་བ། ལྷ་འགྲོ་བའི་མགོན་པོ། སྦས་པ་སྟོན་གཞོན། འཇམ་དབྱངས་དོན་གྲུབ་དཔལ། སློབ་དཔོན་བསོད་ནམས་དཔལ། བླ་མ་སངས་རྒྱས་རིན་ཆེན། རིན་པོ་ཆེ་གྲགས་དོན་པ། སེམས་དཔའ་ཆེན་པོ་ཤཱཀྱ་རྒྱལ་མཚན་ཏེ། བླ་མ་དམ་པ་དེ་རྣམས་ལས་བརྒྱུད་དེ། ཇོ་བོའི་ཆོས་འབྱུང་བརྒྱ་རྩ་ཐོས་པའི་རིམ་པ་ནི། བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ། སྤྱོད་པ་བསྡུས་པའི་སྒྲོན་མ་ཇོ་བོ་རྗེས་མཛད་པ། བདེན་པ་གཉིས་ལ་འཇུག་པ་ཇོ་བོ་རྗེས་མཛད་པ། དབུ་མའི་མན་ངག་ཇོ་བོ་རྗེས་