R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༩
[A:༢༩]ཐབས། བསྟོད་བསྐུལ་ལས་སྦྱོར་དང་བཅས་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། རྡོ་རྗེའི་ཚིག་གིས་སྦས་པའི་མན་ངག་བརྒྱད་ལ། དྲག་བྱེད་ཐམས་ཅད་གནོན་པ། བགེགས་བརླག་པ། ཆར་དབབ་གཅོད། ཡི་དྭགས་འདུལ་བ། གནས་ནས་བསྐྲད་པ། མོ་རིགས་དབང་བསྡུད། འབྱུང་པོ་དབང་བསྡུད། རིགས་སྔགས་དང་རྦོད་གཏོང་གཅོད་པ་རྣམས་སོ། །དེ་རྣམས་ཀྱི་བརྒྱུད་པ་ནི། བྲམ་ཟེ་མཆོག་སྲེད། ནག་པོ་རོ་འཛིན། གྱི་ལྗང་དབུ་དཀར། མཚར་དགུ་སྟོན་པ། གྲུ་སྟོན། དགེ་བཤེས་དབང་ཕྱུག དྷརྨྨ་གཟི་བརྗིད། ཉི་ཐོག་པ་ཀུན་དགའ་ཟླ་བ། འདར་མཁན་པོ་བློ་གྲོས་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ལས་མགོན་ཟངས་གྲི་ཅན་གྱི་བརྒྱུད་པ་ནི། བླ་མ་ས་སྐྱ་པ་ཆེན་པོ། དེས་མགོན་སྟོང་ཚར་སྒང་པ་ལ། དེས་དགེ་བཤེས་མི་གཡོ་བ། དེས་གཟན་སྒོམ་བླ་མ་དཔལ། དེས་དམ་པ་ཀུན་དགའ་གྲགས། ཡང༌། བླ་མ་ཆོས་ཀྱི་རྗེ། མདོ་ཁམས་ཀྱི་ཏ་ཀེ་བླ་མ་དཔལ། སློབ་དཔོན་ཤེས་རབ། བླ་མ་དཔལ་བཟང་པོ། དམ་པ་ཀུན་དགའ་གྲགས་ལས་རིམ་པར་རྒྱུད་དོ།། །།ཡང༌། རིགས་སྔགས་དང་རྦོད་གཏོང་བཟློག་པ། གཏོར་མ་ལ་རྟེན་ནས་དགྲ་གསད་པ། རྨི་ལྟས་ངན་པ་བཟློག་པ། བྱད་ཤ་དཔག་པ། ཁ་ཟས་ལ་རྟེན་ནས་དགྲ་གསད་པ། དགྲ་བགེགས་ཚོགས་སུ་ཟ་བ། བསྲུང་བཟློག་གསད་པའི་མན་ངག་དྲིལ་བ་དམ་པ་ལ་གདམས་པ། ཆོས་སྐྱོང་ཟབ་གཏད་ཀྱི་མན་ངག རྩ་གསུམ་མགོན་པོ་ལྕམ་དྲལ་དུ་བསྒོམས་ནས་གསད་པའི་མན་ངག སྲོག་འཛིན་རིམ་པའི་མན་ངག རྟེན་དང་འཁོར་ལོ་བཅའ་བ། བསྙེན་གཏོར་བྱ་ཚུལ། བཀའ་བསྲུངས་ཀྱི་ལོ་རྒྱུས། མཎྜལ་ཟུར་དྲུག་ལ་རྟེན་ནས་འཇམ་ཞིང་ཞི་བའི་ལུགས། གནས་མལ་དང་ནོར་རྫས་བསྲུང་བ། མགོན་པོ་རང་ལ་ལོག་པ། དགྲ་ལ་