[A:༣༠]བསྡུགས་པ། ལྟེངས་པ་འཁྱམས་པ། ལས་མ་བཏུབ་པ། རྦོད་ཁ་འདོམ་པ་རྣམས་ལ་བྱ་ཐབས། ལིངྒ་བསྲེག་ལུགས། གསད་པའི་ལས་སྦྱོར། ཕོ་རྐྱང་དུ་བསྒྲུབ་པའི་ཐབས་ལ་རྟེན་ནས་བསྙེན་བསྒྲུབ་གསད་གསུམ་སྦྱིན་བསྲེག་དང་བཅས་པ། མཁའ་འགྲོ་མ་དབང་དུ་བསྡུ་བར་བྱ་བ། མོ་རྐྱང་དུ་བསྒྲུབ་པ། འཇམ་ཞིང་ཞི་བའི་ལས་ཡུན་སྲིང་སྟེ་འཁོར་ལོ་སྦྱིན་བསྲེག་དང་བཅས་ཏེ་བསྒྲུབ་པ། མྱུར་ལས་ཞག་བདུན་གྱི་རྩལ་ཆེན་རྫོགས་པ། བཀའ་བསྒོ་བའི་ཚུལ་དུ་བསྒྲུབ་ལུགས། ཚོགས་ཀྱི་བདག་པོའི་ཚུལ་དུ་བསྒྲུབ་པ། གཙོ་འཁོར་བརྒྱད་སྦགས་ཏེ་བསྒྲུབ་པ། རྫས་དང་ལོངས་སྤྱོད་བསྲུང༌། ལས་ཀྱི་དངོས་གྲུབ་སྒྲུབ། གསད་པ་འཁུ་ལྡོག་སྤང་བ་རྣམས་ཀྱི་སྒྲུབ་ཡིག་ཆེན་མོ་ཟླ་བ་ཕྱེད་ཀྱིས་ཕལ་ཆེར་རྫོགས་པ། བསྲུང་འཁོར་ཐུན་མོང་མ་ཡིན་པ་དཀར་གྱི་ཡི་གེ དགྲའི་ངག་མནན་པ། གཙོ་འཁོར་གྱི་བསྲུང་འཁོར་བྲི་བའི་ཚུལ་རབ་གནས་དང་བཅས་པ་རྒྱས་པའི་ཡི་གེ ཆོས་རྗེ་ས་སྐྱ་པས་དོ་པ་སྟོན་ཚུལ་ལ་གནང་བ། སྐུ་གསུང་ཐུགས་མི་འགྱུར་བའི་འཁོར་ལོའི་གོ་ཆ་དམ་པས་མཛད་པ། སྲོག་འཕྲོག་པ་ལ་སོགས་པའི་མན་ངག་གི་གནད་ལྔ། རྟེན་གསུམ་དང་རུ་མཚན་བཅའ་ཐབས། མྱུར་བར་འདོད་པས་རྩུབ་དང་སྡོངས་ཏེ་ལས་ལ་སྦྱར་བ། ལས་གཞུག་ལ་མནན་པ་བྱ་ཐབས། ཤིན་ཏུ་རྩུབ་པའི་སྒྲུབ་ལུགས། ནག་པོ་ཆེན་པོའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། ལོ་ཆེན་གྱི་འགྱུར། མཁའ་འགྲོ་སྦགས་ཏེ་སྒྲུབ་པ། དཀྱིལ་འཁོར་ལ་རྟེན་པ། རྦོད་རྦད་གསད་གསུམ། ཐུན་གྱི་གསད་པ། ཕུར་པས་གསད་པ། བ་དན་གྱིས་གསད་པ། དམ་ཤིང་གིས་གསད་པ། ཟོར་གྱིས་གསད་པ། ལིང་རོ་ལ་སྦྱིན་སྲེག་བྱ་བ་སྟེ། དཀྱིལ་འཁོར་ལ་རྟེན་ནས་བརྩུབ་དང་གདོས་ཏེ་སྒྲུབ་པ། བླ་མ་བློ་གྲོས་སེང་གེས་མཛད་པ། ཚ་བའི་རྫས་ལ་རྟེན་ནས་མེའི་གདུང་ནད་ཀྱིས་གསད་པ། གཏོར་མ་ལ་རྟེན་ནས་གསད་