R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༤༦
[A:༣༤༦]ལྷ་དགུ། དུས་ཀྱི་འཁོར་ལོ་ཏེ་དགུ་ལ་ཞག་གཅིག དེ་ལྟར་ཞག་རེ་ལ་དཀྱིལ་འཁོར་དགུ་མ་སྟེ་ཞག་བཅུ་གཉིས་ལ་དཀྱིལ་འཁོར་བརྒྱ་དང་བརྒྱད་ཀྱི་དབང་ཡོངས་སུ་རྫོགས་པ་གྲངས་དང་གོ་རིམ་འདི་ལྟ་
དབང་གི་རྣམ་བཞག་ཡིན་ཟེར་བའི་དཀྱིལ་འཁོར་དང་ཞག་རྩིས་སྒྲིགས་པ་ཤོག་གཅིག་མ་གཅིག་འདུག་པ་དེ་ལ་རྒྱུ་མཚན་མི་འདུག་པས། ད་རེས་སྒྲིགས་འདི་བཞིན་དུ་མཛད་མོད། འོན་ཀྱང༌། སྒྲུབ་ཐབས་མུ་ཏིག་ཕྲེང་བ་རང་ལ་བླ་མ་ཤེས་རྡོར་བས་སྒྲིགས་མཛད་འདུག་པ་དེ་ཀ་གཞིར་བཞག་ནས་ཚེགས་ཆུང་ཞིང་རྣམ་བཞག་ལེགས་པ་ཞིག་གནང་ངོ༌
།། བུར་ཐོབ་ཅིང༌། དབང་བརྒྱ་རྩའི་བྱུང་ཁུངས། མི་ཏྲའི་རྣམ་ཐར་མུན་སེལ་སྒྲོན་མེ། མཛད་པ་ཉི་ཤུ་པ། བཅོ་བརྒྱད་པ་སོགས་རྒྱས་བསྡུས་གསུམ། མངོན་རྟོགས་མུ་ཏིག་ཕྲེང་བ། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ། ཏིང་ངེ་འཛིན་གྱི་དབང༌། སྦྱིན་སྲེག་འཕྲིན་ལས་ཕྲེང་བ། རབ་གནས་བཀྲ་ཤིས་ཕྲེང་བ། ཚོགས་མཆོད། དབང་གི་རྣམ་གཞག ཟུར་འདེབས་ཞལ་གདམས་སོགས་ཆོས་བསྐོར་ཚང་མའི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག གྲུབ་ཆེན་མི་ཏྲ་ཛོ་ཀི པཎྜི་ཏ་དོན་ཡོད་རྡོ་རྗེ། གཉན་འོད་བསྲུངས་ཆེན་པོ།
གསང་འདའ་ཁྲ་ཕུ་བ
། མགོ་ཁོམ་ཇོ་སྲས།
ཕན་ཡུལ་རྒྱལ་པ
། མཁས་གྲུབ་བྱམས་པ་སེང་གེ།
རྒྱལ་ལྷ་ཁང་པ
། རིན་ཆེན་ཤེས་རབ།
བ་ལམ་པ
། མཁས་གྲུབ་གཡུང་སྟོན་རྡོ་རྗེ་དཔལ། རྒྱལ་སྲས་གྲགས་པ་ཚུལ་ཁྲིམས། བླ་མ་སངས་རྒྱས་སེང་གེ བླ་མ་བརྩོན་འགྲུས་སེང་གེ བྱ་བྲལ་བློ་བཟང་པ། སེམས་དཔའ་ཆེན་པོ་ཤཱཀྱའི་མཚན། དེས་ཐུ་བཙུན་ཀུན་དགའ་རྣམ་པར་རྒྱལ་བ་བདག་ཅག་ལའོ།། ༈ །ཡང་དམ་པ་དེ་ལས། ཐུགས་རྗེ་ཆེན་པོ་གསང་སྒྲུབ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་ཞུས་ནས། དེའི་མངོན་དཀྱིལ་རྒྱལ་སྟོན་གྱིས་མཛད་པ། ཡང་དབང་མཆོག་རྒྱས་པ།
གསེར་ཁང་སྟེངས་པས་བྱས་སམ་ཟེར
། གཤིན་ཆོག ཟུར་འདེབས། ལས་ཚོགས་ཀྱི་རིམ་པ་ལ། སྒྲུབ་པ་ལས་