[A:༣༤༧]སྦྱོར། གཟུངས་མཆོག བསྲུང་འཁོར། ངག་དགྲོལ། ནད་པ་ལ་ཕན་གདགས་པ་སྟེ་ཐུན་མོང་གི་ལས་ཚོགས་བཞི། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག ཐུབ་པས་མི་ནག་ཆོས་ལ་འཇུག་པ། འཇམ་དཔལ་གྱིས་ཤེས་རབ་བློ་འཕེལ་བ། སྤྱན་རས་གཟིགས་ཀྱིས་སྐྱེ་བ་བརྟག་པ། ཕྱག་ན་རྡོ་རྗེས་མི་མ་ཡིན་བསྲུང་བ་སྟེ་ཐབས་ལྷའི་ལས་ཚོགས་བཞི། ཡུམ་ཆེན་མོས་ཚེ་སྲིང་བ། སྒྲོལ་མས་འཇིགས་པ་བརྒྱད་ལས་སྐྱོབ་པ། ཀུ་རུ་ཀུལླེས་རིག་མ་དབང་དུ་བསྡུད་པ། ཁྲོ་གཉེར་མས་གྲིབ་བསྲུང་བ་སྟེ། ཤེས་རབ་ཡུམ་བཞིའི་ལས་ཏེ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ལྷ་བརྒྱད་ཀྱི་ལས་ཚོགས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། འཇིག་རྟེན་དབང་ཕྱུག མི་ཏྲ་ཛོ་ཀི ཁྲོ་བུ་ལོ་ཙྪ་བ། མཁན་ཆེན་རྩང་པ། རྒྱལ་སྟོན་ཀུན་དགའ་བརྩོན་འགྲུས། སྔགས་འཆང་ཡོན་ཏན་འབུམ། བླ་མ་གཞོན་ནུ་དར། མཁན་ཆེན་གཞོན་ནུ་འབུམ། བླ་མ་བློ་བཟང་པ། སེམས་དཔའ་ཆེན་པོ་ཤཱཀྱ་དྷྭ་ཚ། དེས་བདག་ལའོ།། །།
༄། །མཁན་ཆེན་རིན་ཆེན་ཟླ་བ་ལས་ཐོབ་པའི་སྐོར།།
བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང༌། རྒྱལ་པོ་དགེ་བའི་དབང་པོས་མཛད་པ་ཡལ་འདབ་བརྒྱད་དང་བདུན། ཁ་སྐོང་རྩ་བརྒྱད་པ་སྲས་ཟླ་བའི་དབང་པོས་མཛད་པའི་ལུང་གི་བརྒྱུད་པ་ནི། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། གཅུང་བློ་གྲོས་བརྟན་པ། དབོན་པོ་ཆོས་སྐྱོང་དཔལ། དཔང་ལོ་ཙྪ་བློ་བརྟན། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཙྪ་བ་གྲགས་པ་རྒྱལ་མཚན། བོ་དོང་ཕྱོགས་ལས་རྣམ་རྒྱལ། སྟག་ལུང་ཆོས་རྗེ་ངག་དབང་གྲགས་པ། བདག་ཉིད་ཆེན་པོ་རིན་ཆེན་ཟླ་བ། དེས་བདག་ཐུ་སྟོན་ཀུན་དགའ་རྣམ་པར་རྒྱལ་