[A:༣༤༨]བ་ལ་གནང་ཞིང༌། ཤོང་ཡན་སླར་རྩད་བཅོད་རྒྱུའོ།། །།
༄། །མཁན་ཆེན་བྱང་ཆུབ་བརྩོན་འགྲུས་པ་ལས་བ་རི་ལོ་ཙཱ་བའི་སྒྲུབ་ཐབས་བརྒྱ་ཚར་གྲགས་པའི་རྗེས་གནང་གི་བསྒྱུར་ཡིག་གི་རྣམ་གྲངས་དང་བཅས་པར་བཞུགས།།
ཁ་ཆེའི་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་ཏྲའི་གདན་ས་པ། མཁན་ཆེན་བྱང་ཆུབ་བརྩོན་འགྲུས་པ་ལས། སྒྲུབ་ཐབས་བརྒྱ་རྩའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། བྱང་ཆུབ་ཆེན་པོ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། བར་པ་རོལ་པའི་རྡོ་རྗེ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། དཔལ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཁང་སྟོན་འོད་ཟེར་རྒྱལ་མཚན། བློ་ཆེན་སངས་རྒྱས་སྲས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བཀའ་བཅུ་པ་གཞོན་ནུ་སེང་གེ མཁས་བཙུན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བདེ་ལེགས་དཔལ། བླ་མ་དཔལ་ལྡན་དོན་གྲུབ། འཇམ་དབྱངས་གྲགས་པའི་དཔལ། མཁན་ཆེན་བྱང་བརྩོན་པ། དེས་བདག་ལའོ།། ༈ །དེ་ལྟར་རྗེས་གནང་རྣམས་ཚང་མར་ཐོབ་ནས། སྒྲུབ་ཐབས་རྣམས་ཀྱི་ལུང་ཐོབ་པའི་རིམ་པ་ནི། རྗེ་བཙུན་རྡོ་རྗེ་གདན་གྱི་མན་ངག་གི་སྒྲུབ་ཐབས་ཀྱི་ཆོ་ག་བརྟན་པའི་འཁོར་ལོའི་ཆོ་ག བརྟན་པའི་འཁོར་ལོའི་སྒྲུབ་ཐབས། ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབས། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་པདྨས་མཛད་པ། ཨ་ར་པ་ཙ་ནའི་སྒྲུབ་