[A:༣༥༡]ཐབས། འཕགས་པ་རྨ་བྱ་ཆེན་མོའི་སྒྲུབ་ཐབས། སྟོང་ཆེན་རབ་ཏུ་འཇོམས་མའི་སྒྲུབ་ཐབས། གསང་སྔགས་རྗེས་སུ་འཛིན་མའི་སྒྲུབ་ཐབས། བསིལ་བ་ཚལ་ཆེན་མོའི་སྒྲུབ་ཐབས། ཕྱིར་བཟློག་མ་ཆེན་མོའི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། རྣམ་རྒྱལ་མའི་སྒྲུབ་ཐབས། རྡོ་རྗེ་གནྡྷ་རིའི་སྒྲུབ་ཐབས། དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས། སྟོབས་པོ་ཆེའི་སྒྲུབ་ཐབས། གཞན་གྱི་མི་ཐུབ་མ་ཞེས་བྱ་བའི་གདུགས་དཀར་མོ་ཅན་གྱི་སྒྲུབ་ཐབས། རྟ་མགྲིན་གྱི་སྒྲུབ་ཐབས། ཞལ་གཅིག་ཕྱག་གཉིས་མའི་ཧེ་རུ་ཀའི་སྒྲུབ་ཐབས། བདག་མེད་མ་གཅིག་བུའི་སྒྲུབ་ཐབས། བདག་མེད་མའི་སྒྲུབ་ཐབས། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། རྟོག་པ་ལས་བརྒྱུད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། རིག་བྱེད་མའི་སྒྲུབ་ཐབས། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། སྒྱུ་འཕྲུལ་དྲྭ་བའི་རིམ་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས། སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། དེ་རྣམས་ལ་ཆོས་ཀྱི་རྣམ་གྲངས་དགུ་ཅུ་གོ་གསུམ་ཡོད་དོ། །ངེས་དོན་རྒྱ་མཚོའི་ལུང་ཡང་བསྡུས།། །།
༄། །འཚལ་མིན་ཆོས་རྗེ་ངག་དབང་པ་ལས་ཐོབ་པའི་སྐོར།།
རྟ་མགྲིན་ཡང་གསང་ཁྲོས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པད་མ་དབང་ཆེན། སྤྲུལ་སྐུ་པད་མ་འབྱུང་གནས། དཔལ་ལྡན་གྲུབ་ཐོབ་འདར་ཕྱར། ཆོས་རྒྱལ་བོ་དོང་རིན་ཆེན། ཉན་ཆེན་བསོད་ནམས་བརྟན་པ། འགྲོ་མགོན་ཆོས་རྒྱལ་ཆེན་