R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༥༢
[A:༣༥༢]པོ། ཀུན་མཁྱེན་དཔལ་ལྡན་སེང་གེ གཉག་དབོན་བསོད་ནམས་བཟང་པོ། ཆོས་རྗེ་པ། དེས་བདག་ལའོ།། །།ཕྱག་ན་རྡོ་རྗེ་དབུ་ཙའི་རྗེས་གནང་གི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྡོ་རྗེ་འཛིན་པད་མ་བཛྲ། ནཱ་གཱརྫུ་ན། ཙནྡྲ་གོ་མི། རཱ་ཛ་དྷརྨ། ཟངས་གླིང་པ། ཁམས་པ་ཨ་སེང༌། ཞང་སྟོན་དཀོན་མཆོག་དཔལ། རུ་སྨོན་མཁར་བ། སྐྱི་སྟོན་གྲགས་རྒྱལ། རུ་ཞང༌། དཀོན་མཆོག་བློ་གྲོས། ཆོས་གྲགས། ཡང་ན། ཁམས་པ་ཨ་སེང༌། དཀོན་མཆོག་རྒྱ་མཚོ། ཇོ་སྲས་མེ་འབར། སྟོན་གྲགས་དོན་ཞགས་པ། ལྷ་རྗེ་ཆོས་གྲགས། ཨེ་པ་འཁོན་སྟོན། ལོ་ཙཱ་བ་མཆོག་ལྡན། བླ་མ་སང་འོད་པ། སློབ་དཔོན་སྨ་བའི་སེང་གེ མཁས་བཙུན་བྱང་སེང་པ། ཡང་ན། མཆོག་ལྡན་པ། སྐྱི་སྟོན་པ། ཆོས་རྗེ་ཀུན་མཁྱེན་ཆེན་པོ། བྱང་སེང་པ། ཐམས་ཅད་མཁྱེན་པ་བསོད་ནམས་བཟང་པོ། ཆོས་རྗེ་པ། བདག་གོ། ༈ །སྤྱོད་ཡུལ་གྱི་བརྒྱུད་པ་ནི། ཡུམ་ཆེན་མོ། ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་སེང༌། རྗེ་བཙུན་སྒྲོལ་མ། སུ་ཁ་སིདྡྷི། ཨཱརྻ་དེ་བ། དམ་པ་སངས་རྒྱས། བསོད་ནམས་བླ་མ། མ་གཅིག་ལབ་སྒྲོན། ཁུ་སྒོམ་ཆོས་སེང༌། དོལ་པ་ཟང་ཐལ། རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། རྟོག་ལྡན་དགེ་སློང༌། སུམ་སྟོན་རས་པ། སངས་རྒྱས་སྟོན་པ། སྤྲུལ་སྐུ་ཤཱཀྱ་འབུམ། ལྷ་བཙུན་ཆེན་པོ། ཆོས་རྗེ་ཆོས་དབྱིངས་དབང་ཕྱུག ཐམས་ཅད་མཁྱེན་པ་བསོད་ནམས་བཟང་པོ། ཆོས་རྗེ་པ། དེས་བདག་ལའོ།། །།ཚེ་དཔག་མེད་ལྷ་དགུའི་དབང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་ཚེ་དཔག་མེད། སྙིང་པོ་ཞབས། ཛེ་ཏ་རི། བྱང་ཆུབ་བཟང་པོ། ཏིང་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། མཆིམས་བརྩོན་འགྲུས་སེང་གེ རྒྱ་ཞང་ཕུག་པ། དབུས་པ་སངས་རྒྱས་འབུམ། བླ་མ་ཆ་གན། བླ་མ་