R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༥༩
[A:༣༥༩]སོ།། ༈ །།ཡང་ཕག་མོ་ཞལ་གཉིས་མའི་བྱིན་བརླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕག་མོ། ཨིནྡྲ་བྷུ་ཏི། ལཀྵྨི་ཀ་རཱ། བི་རཱུ་པ། ཌོམྦྷི་བ། ཨ་ལ་ལ་བཛྲ། གརྦྷ་རི་པཱ། གངྒཱ་དྷ་རཿ སུ་ར་ཏ་བཛྲ། དཔལ་འཛིན། ཡེ་ཤེས་རྡོ་རྗེ། ཧེ་རུ་ཀ་བཛྲ། ལྷན་སྐྱེས་དགའ་བའི་རྡོ་རྗེ། དྷརྨེ་ཤྭ་ར། མ་ར་ཀཎྜ་དེ་བ། ས་འཛིན། བཤེས་གཉེན་དཔལ། ཆོས་གྲགས་རྒྱལ་མཚན། རིན་ཆེན་གྲགས་པ། པཎ་ཆེན་ནགས་ཀྱི་རིན་ཆེན། རྗེ་བླ་མ། དེས་བདག་ལའོ། །པཎ་ཆེན་གྱི་མཛད་པའི་བསྐྱེད་རྫོགས་ཀྱི་གཞུང་ཡང་ཞུས། རྗེས་གནང་འདི་པཎ་ཆེན་ཞབས་ཉིད་ལའང་ཐོབ་འདུག་གོ། ༈ །།ཨུ་རྒྱན་སྒྲོལ་མ་དམར་མོ་ཞལ་བཞི་ཕྱག་བརྒྱད་མ་ལྷ་མོ་ཉི་ཤུ་རྩ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཌ་ཀི་ནཱི་བཛྲི་ཎི། པ་ར་ཧེ་ཏཿ བི་ནི་ཏ་བྷ་ཏྲཿ སང་གྷ་ཤྲཱི། ལོ་ཙཱ་བ་འཇམ་དཔལ་སྒེག་པའི་རྡོ་རྗེ། སྟོན་པ་ཤེས་རབ་ཡེ་ཤེས། སློབ་དཔོན་ཆོས་ཀྱི་གྲགས་པ། ཡོལ་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། ལོ་ཙཱ་བ་བློ་གྲོས་བརྟན་པ། བླ་མ་ཆོས་ཀྱི་རྒྱལ་མཚན། བླ་མ་གཟི་བརྗིད་པ། སོག་དབོན་ལེགས་པའི་བློ་གྲོས། མཁན་ཆེན་བསོད་དར་བ། དམར་སྟོན་པ། རྗེ་བླ་མ། དེས་བདག་ལའོ།། །།ཡང་ན་ལོ་མཆོག དཔལ་ལྡན་སེང་གེ ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སོག་དབོན་ནས་སྔར་བཞིན་ནོ།། ༈ །།སྒྲོལ་མ་ཀུ་རུ་ཀུལླེ། ཕྱག་དྲུག་མའི་རྗེས་གནང་གི་བརྒྱུད་པ་ནི། ཨརྻ་
འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེ
། ཏ་ར་ཀུ་རུ་ཀུལླེ། ས་ཧ་ཛ་ལ་མི་
ལྷན་སྐྱེས་རོལ་པ
། ཏ། བཛྲ་ས་ནི་ཀ་
རྡོ་རྗེ་གདན་པ
། ཙནྟྲ་བྷ་ཏྲ།
ཟླ་བ་བཟང་པོ
། བུདྡྷ་ཨཱ་དི་ཏྱ།
སངས་རྒྱས་ཉི་མ
། རཏྣ་སྨྲི་ཏི།
རིན་ཆེན་དྲན་པ
། ཤ་ར་ཎཾ་ཀ་ར།
སྐྱབས་མཛད་པ
། རཏྣ་དྷྭ་ཛ།
རིན་ཆེན་རྒྱལ་མཚན
། སིང་